རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཁུན་མིང་གྲོང་ཁྱེར་དུ་བསྐྱོད་དེ་མཛའ་གྲོགས་མཉམ་ལས་རོགས་སྐྱོར་ལས་དོན་སྦྲེལ་མཐུད་བྱས་པ་དང་འབྲེལ་2025ལོའི་ཁུན་མིང་དང་བདེ་ཆེན་བར་གྱི་མཛའ་གྲོགས་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཞིང་ཨུའི་རྒྱུན་ཨུ།ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་དང་།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གི་འོས་མི་དབྱང་ཁྲེང་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཁུན་མིང་དང་བདེ་ཆེན་བར་གྱི་མཛའ་གྲོགས་མཉམ་ལས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཧྲེན་ཧྲོའོ་བཞུགས་མོལ་ཚོགས་འདུར་ཞུགས་པ། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སིས་རྟོག་ཞིབ་དང་བཞུགས་མོལ་ནང་ཞུགས་པ།
ལིའུ་ཧུང་ཅན་གྱིས་གྲོང་ཨུ་དང་།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་རེད།ཁོང་གིས་ཉེ་བའི་ལོ་ཤས་རིང་།ཁུན་མིང་གྲོང་ཁྱེར་དང་བདེ་ཆེན་ཁུལ་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།ཐོན་ལས་དང་།སློབ་གསོ།སྨན་བཅོས།ཤེས་ལྡན་མི་སྣ།རིག་གནས།ཡུལ་སྐོར།ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་སྤེལ་བྱེད་པར་དམིགས་པ་དང་།ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ཡོད་ཅེས་བསྟན་པ།
ལིའུ་ཧུང་ཅན་གྱིས་མིག་སྔར།ཁུན་མིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།བསམ་བློ་བཅིངས་འགྲོལ་དང་།སྒྱུར་བཅོས་གསར་གཏོད།སྙིང་སྟོབས་ཆེར་བསྐྱེད།དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཁུན་མིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་བཞིན་ཡོད།ཁུན་མིང་དང་བདེ་ཆེན་ས་གནས་གཉིས་ཀྱི་མཉམ་ལས་རྨང་གཞི་ལེགས་པ་དང་མདུན་ལྗོངས་རྒྱ་ཆེ་བས།ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་མཉམ་ལས་སྔར་བས་ཟབ་སྤེལ་དང་།དགེ་མཚན་གསབ་རེས་དང་ཐོན་ལས་རོགས་ལས་ལ་སྐུལ་འདེད་གཏོང་བར་མཐོང་ཆེན།ཐོན་ཁུངས་མཉམ་སྤྱོད་དང་རིག་གནས་ཡུལ་སྐོར་མཉམ་ལས་ཟབ་སྤེལ།དམངས་འཚོ་ལེགས་སྒྱུར་གྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད།ལས་ཀའི་ལམ་སྲོལ་གསར་གཏོད་དང་སྤེལ་རེས་འབྲེལ་མཐུད་ལ་ཤུགས་སྣོན།ལག་གདང་སྦྲེལ་ནས་འཕེལ་རྒྱས་སྔར་བས་ཡག་པོ་བཅས་བྱས་ཏེ།ཡུན་ནན་གྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་།ཁུན་མིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཁུན་མིང་གྲོང་ཁྱེར་གྱིས་རོགས་སྐྱོར་མཉམ་ལས་གཏིང་ཟབ་སྤེལ་ནས།བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།བདེ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁུན་མིང་གྲོང་ཁྱེར་གྱི་རྩ་ཆེའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱ་རྒྱུ།ཁོང་གིས་ཁུན་མིང་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོས་གླིང་ཁུལ་མཉམ་སྐྲུན་དང་།ཐོན་ལས་མཉམ་ལས།རིག་གནས་ཡུལ་སྐོར་འཕེལ་རྒྱས།དེང་རབས་ཟོག་འགྲེམས།གྲོང་ཁྱེར་བཅོས་སྐྱོང་།སློབ་གསོ་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་སྔར་བས་གཏིང་ཟབ་པའི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་ཁུན་མིང་དང་བདེ་ཆེན་བར་གྱི་མཛའ་གྲོགས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།
བཞུགས་མོལ་ཚོགས་འདུ་མ་འཚོགས་གོང་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཡུན་ནན་ཡུས་ནེང་ནུས་རྒྱུ་གསར་པའི་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སི་དང་ཡུན་ནན་ཟངས་ལས་མ་རྐང་ཚད་ཡོད་ཀུང་སིའི་ལྷོ་ནུབ་ཟངས་ལས་ཡན་ལག་ཀུང་སིར་རྟོག་ཞིབ་གནང་བ་རེད།
ཁུན་མིང་གྲོང་ཁྱེར་གྱི་འགོ་ཁྲིད་དབྱིན་ལིང་ཡུན་དང་། ཏའེ་ཧུའེ་མིང་། ཁྲེན་ཅང་། ལེའང་ཁུན། ཁྲེན་ཧན། ཞུས་དབྱི་ཆིན། ལི་ཧྲའོ་ཅུན། ཀྲའོ་ཝུན་བཅས་དང་། བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཧོང་ལུང་ཞིན། ཝན་ཏན་ཆིང་། ཀྲོང་ཞའོ་ཕིང་བཅས་བཞུགས་མོལ་རམ་རྟོག་ཞིབ་བྱེད་སྒོར་ཞུགས་པ་རེད།