བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཡུས་ཞི་གྲོང་ཁྱེར་དུ་རྟོག་ཞིབ་དང་སྤེལ་རེས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཡུས་ཞི་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་པར་བསྐྱོད་དེ་ཁ་གཏད་རོགས་སྐྱོར་དང་མཐུན་སྦྱོར་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།ཡུས་ཞི་གྲོང་ཨུའི་ཧྲུའུ་ཅི་ཀྲོའུ་ཅན་ཀྲུང་།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་།ཡུས་ཞི་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧུའུ་ཅང་ཧུའེ་བཅས་རྟོག་ཞིབ་དང་བཞུགས་མོལ་ནང་ཞུགས་པ་རེད།

    བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་།ཡུས་ཞི་གྲོང་ཨུའི་ཧྲུའུ་ཅི་གཞོན་པ།གྲོང་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་མེ་རུང་རྟོག་ཞིབ་དང་བཞུགས་མོལ་ནང་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་།ཡུས་ཞི་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཡུས་ཞི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་།ཡུས་ཞི་གྲོང་ཁྱེར་གྱི་ལས་ཀའི་བསམ་ཕྱོགས་དང་།འཕེལ་རྒྱས་གཏོང་སྟངས།བྱེད་ཐབས་ཞིབ་ཕྲ་བཅས་ནི་བདེ་ཆེན་ཁུལ་གྱི་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་འོས་པ་ཞིག་རེད།ཡུས་ཞི་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་འཇོལ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་མ་དངུལ་འབོར་ཆེན་བཏང་བ་དང་བརྩེ་སེམས་བཅངས་ནས་རོགས་སྐྱོར་བྱས་ཏེ་བདེ་ཆེན་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ཁོང་གིས་ཕྱོགས་གཉིས་པོས་ཁ་གཏད་རོགས་སྐྱོར་དང་ས་ཁོངས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་སྤྱི་པའི་ཞབས་ཞུ་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་བདེ་ཆེན་གྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་རོགས་ལས་འབྲེལ་གཏུག་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་།བྱ་ཐབས་ཞིབ་ཕྲ་བཟོ་བ་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ།རོགས་སྐྱོར་རྣམ་གྲངས་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།

    ཀྲོའུ་ཅན་ཀྲུང་གིས་བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་རེད།ཁོང་གིས་ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་།དཔལ་འབྱོར་འཕེལ་རྒྱས།ལས་བྱེད་པའི་སྤྱོད་ཚུལ་སོགས་ཐད་ཀྱི་ཉམས་མྱོང་དང་ཕན་འབྲས་ནི་ཡུས་ཞི་ཡིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད།མིག་སྔར།ཡུས་ཞི་གྲོང་ཁྱེར་གྱིས“ལས་ཀ་བྱེད་ས་ཨང་དང་པོར་བཞག་ནས། ལས་ཀ་བརྟན་པོ་བྱེད་པའི་ལས་བྱེད་པའི་དཔེ་སྟོན”གཏིང་ཟབ་སྤེལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་དང་།སྣོད་བཅུད་ཁོར་ཡུག་ལེགས་གཏོང་།སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས།ལས་བྱེད་པའི་དཔེ་སྟོན་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་བཞིན་ཡོད།ཁོང་གིས་ཡུས་ཞི་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་ཁྱབ་ཁོངས་དང་མཉམ་ལས་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ས་གནས་གཉིས་པོའི་སྤེལ་རེས་མཉམ་ལས་ལ་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།

    ཚོགས་འདུ་མ་འཚོགས་གོང་།བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཡུས་ཞི་ཙེ་ཡུས་མེ་ཏོག་ཐོན་ལས་ཚད་ཡོད་ཀུང་སི་དང་།ཡུན་ནན་ཨེན་ཅེ་རྒྱུ་ཆ་གསར་བའི་མ་རྐང་ཚད་ཡོད་ཀུང་སི།ཡུས་ཞི་ཝོ་སེང་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སི་བཅས་སུ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    བདེ་ཆེན་ཁུལ་གྱིས་ཁྲེན་ཆུན་དང་།ཞུས་ཀོང་ཏེ།ཀྲོང་ཞའོ་ཕིང་།ཡུས་ཞི་གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཧྭ།ཝ་ཆིན་ཁྲའོ།ཝུའུ་ཡུས་ཁྲེན་བཅས་ཞུགས་པ་རེད།