རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་དང་།ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ཝང་ཡུས་པོ་ཡིས་རུ་སྣེ་ཁྲིད་དེ་རྟོག་ཞིབ་གནང་བ་རེད།ཧྲན་ཏུང་ཞིང་ཨུའི་ཧྲུའུ་ཅི་ལེན་ཝུའུ་དང་།ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲོའུ་ནའེ་ཞང་།ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཡུས་ཡན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
ཡུན་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ཧྲན་ཏུང་སློབ་ཆེན་གྱི་ཕུག་ལམ་ལས་གྲྭའི་གནོད་འགོག་སྔོན་འགོག་དང་ཚོད་འཛིན་གྱི་མདུན་གྲལ་ལག་རྩལ་ཡུན་ནན་དུ་བཀོལ་སྤྱོད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།
འཐུས་མི་ཚོགས་པས་ཅི་ནན་གྲོང་ཁྱེར་དང་།ཆིང་ཏའོ་གྲོང་ཁྱེར་དུ་ལྟ་སྐོར་དང་སློབ་སྦྱོང་བྱས།ལང་ཁྲའོ་ཚོགས་པར་ཕེངས་ནས་ཁེ་ལས་ཀྱིས་འཛམ་གླིང་གི་རབས་གསར་པའི་ཆ་འཕྲིན་ལག་རྩལ་གྱི་སྣེ་འདྲེན་ཁེ་ལས་འཛུགས་སྐྲུན་བྱས་པའི་གནས་ཚུལ་མཚམས་སྦྱོར་ལ་ཞིབ་ཏུ་ཉན་ནས།ཆ་འཕྲིན་ལག་རྩལ་ཐོན་ལས་ཀྱི་རྣམ་པ་བསྒྱུར་བའི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས་ཏེ།ཁེ་ལས་ཡུན་ནན་དུ་ལས་སྒོ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་བ་རེད། ལིན་ཀུང་ལྕི་གྲས་ཀྱིས་ཟམ་མི་ཆད་པར་གསར་གཏོད་བྱས་པ་བརྒྱུད་ལོ་མང་བསྟུད་མར་གཏེར་འཁོར་སྒྲིག་ཆས་གོ་ལ་ཧྲིལ་པོར་ཕྱིར་ཚོང་བྱེད་ཚད་ཀྱི་མདུན་གྲལ་དུ་སླེབས་པ་དང་ཚང་མས་ཁེ་ལས་ཀྱི་ནུས་རྒྱུ་གསར་པའི་གཏེར་འཁོར་སྒྲིག་སྦྱོར་ཐིག་དང་གཏེར་འཁོར་ཆེ་གྲས་ཀྱི་སྒྲིག་ཆས་ལ་ལྟ་སྐོར་བྱས་ཏེ་ཡུན་ནན་གྱི་ཡངས་ཤིང་རྒྱ་ཆེ་བའི་བཀོལ་སྤྱོད་རྣམ་པ་འོས་སྦྱོར་བྱས་པ་རེད།འཐུས་མི་ཚོགས་པས་ཧྲན་ཏུང་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་གཉེར་སྐྱོང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་དང་།ཕུག་ལམ་ལས་གྲྭའི་གནོད་འཚེའི་སྔོན་འགོག་ཚོད་འཛིན་དང་རིག་ནུས་གསོ་སྐྱོང་གི་མདུན་གྲལ་ལག་རྩལ་ལ་རྟོག་ཞིབ་གནང་བ།ཕུག་ལམ་ལས་གྲྭའི་གནོད་འཚེའི་སྔོན་བརྡ་གཏོང་བ་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་དང་དེ་བཞིན་ཡུན་ནན་དུ་བཀོལ་སྤྱོད་གཏོང་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད།ཡུན་ནན་ཞིབ་འཇུག་ཁང་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད།ཆིང་ཏའོ་གྲུ་ཁར་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་འཛམ་གླིང་གི་སྔོན་ཐོན་རང་འགུལ་ཅན་གྱི་གྲུ་ཁ་ཡོད།ཚང་མས་གྲུ་ཁའི་འདོན་འཇུག་དོས་སྒམ་འཁོར་སྐྱོད་ཀྱི་རྣམ་པར་ལྟ་སྦྱོང་ནན་ཏན་གནང་བ་དང་།“ལྕགས་ཐག་སྦྲེལ་མའི་གསར་གཏོད་ཚོགས་པའི་”འབད་འཐབ་ཀྱི་གཏམ་རྒྱུད་གསན་པ་དང་།ཆིང་ཏའོ་གྲུ་ཁར་འཛམ་གླིང་གི་རིག་ལྡན་གྲུ་ཁ་རྩེ་གྲ་གཏོད་པའི་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་གཞོལ་བར་སློབ་སྦྱོང་བྱས་པ་རེད། འཐུས་མི་ཚོགས་པས་ཆིང་ཏའོ་ཐེ་རུའེ་ཏེ་གློག་ཤུགས་ཀུང་སིར་ནུས་རྒྱུ་གསར་པའི་སྐྱེ་ཁམས་ཚན་རྩལ་འགྲེམས་ཚོགས་ལ་ལྟ་སྐོར་བྱེད་པར་བསྐྱོད་དེ་ཐེ་ལའེ་གློག་རྒྱལ་ཡོངས་ཀྱི་གློག་གསོག་སྒྲིག་ཆས་དུས་ཐོག་ཏུ་གཉེར་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ནུས་རྒྱུ་གསར་པའི་ཐོན་ལས་མཉམ་ལས་དང་འབྲེལ་གཏུག་ཀྱང་གནང་བ་རེད།ཚང་མས་ད་རུང་ཧའེ་ཨར་ཚོགས་པར་སོང་ནས་སྲོལ་རྒྱུན་གྱི་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ཁེ་ལས་དེ་གྲངས་ཀ་ཅན་གྱི་ཞབས་ཞུའི་ཚོང་པར་བསྒྱུར་བའི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཐབས་ལམ་ལ་རྟོག་ཞིབ་བྱས། འཐུས་མི་ཚོགས་པའི་ཁོངས་མིས་ཧྲན་ཏུང་བློ་མཐུན་གྱི་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ་དང་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱས་ནས།ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ཐོན་ལས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་།ཚན་རྩལ་གསར་གཏོད་ལ་བརྟེན་ནས་ནུས་པ་འདོན་པར་སྔར་བས་མཐོང་ཆེན།ཡུལ་བབ་དང་བསྟུན་ནས་ངོ་བོ་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་“དཔལ་འབྱོར་ཆེན་པོ་གསུམ་”ཟམ་མི་ཆད་པར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་པ་རེད།
ཡུན་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ཧེ་ཨར་ཚོགས་པར་རྟོག་ཞིབ་དང་སློབ་སྦྱོང་བྱེད་བཞིན་པ།
རྟོག་ཞིབ་གནང་རིང་འཐུས་མི་ཚོགས་པས་ཧྲན་ཏུང་ཞིང་ཆེན་དང་ལས་དོན་སྤེལ་རེས་གནང་བ་རེད།ཝང་ཉིང་གིས་ཧྲན་ཏུང་གིས་དུས་ཡུན་རིང་པོའི་ནང་རང་ཞིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།མིག་སྔར་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་བཞིན་ཡོད་པ་དང་།ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་བཞིན་ཡོད་ལ།ཧྲན་ཏུང་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྔོན་ཐོན་འདུ་ཤེས་དང་།བསམ་ཕྱོགས།བྱེད་ཐབས་བཅས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ།རང་ཞིང་གི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན།ཞིང་ཆེན་གཉིས་ཀྱིས་ཐོན་ལས་སྤོ་སྒྱུར་དང་ལེན་དང་།“ལྗང་མདོག་གློག་ཤུགས་+སྔོན་ཐོན་བཟོ་སྐྲུན།”དེང་རབས་ཞིང་ལས།རིག་གནས་ཡུལ་སྐོར།ཚན་རྩལ་གསར་གཏོད་སོགས་ལ་དམིགས་ནས་ས་ཁོངས་བར་རོགས་ལས་དང་ཐོན་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་ཞབས་ཞུ་སྔར་ལས་ལེགས་པ་དང་མཉམ་འདྲེས་ཐུབ་པར་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།
ཡུན་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ཧྲན་ཏུང་ཞིང་ཆེན་དང་ལས་དོན་སྤེལ་རེས་གནང་བཞིན་པ།
ལེན་ཝུའུ་ཡིས་འཐུས་མི་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།ཁོང་གིས་ཉེ་བའི་ལོ་ཤས་རིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ།ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་པས།བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕར་གཞི་གལ་ཆེན་དུ་འགྱུར་བར་འབད་བརྩོན་བྱས་ཡོད།ང་ཚོས་ཡུན་ནན་དང་མཉམ་དུ་སྤེལ་རེས་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ་ཞིང་ལས་དང་།རིག་གནས་ཡུལ་སྐོར།ལྗང་མདོག་ཐཱན་ཉུང་།ཚོང་དོན་ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་པ་རེད།
ཡུན་ནན་ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཧུང་ཅན་དང་། ཆིའུ་ཅང་། ཀྲའོ་ཅུན་མིང་། དབྱང་པིན། ཝང་ཞན་ཀང་། ཞུས་ཧའོ། ཝང་ཞུའེ་ཆིན། ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆང་། ཀྲང་ཧའེ་པོ། ཧྥན་པོ་བཅས་ཀྱིས་འབྲེལ་ཡོད་བྱེད་སྒོར་ཞུགས།ཡུན་ནན་ཞིང་ཆེན་གྱི་ཁུལ་(གྲོང་ཁྱེར)ཁག་གི་ཏང་ཨུའམ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་དང་།ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་ཞུགས།