རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་7ཚེས་16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གི་ཏང་ཡོན་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་སློབ་ཁྲིད་གནང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་དམ་འཛིན་བྱས་ཏེ་ཆབ་སྲིད་ལ་མཐོང་ཆེན་དང་། ལས་སྒོ་ཤེས་པ། འགན་འཁུར་ཕོད་པ། བརྩེ་སེམས་ལྡན་པ་བཅས་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ཁྲོད་འགན་འཁུར་གྱི་བྱས་རྗེས་མངོན་མཚོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲང་ཝེ་ཏུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ནི་ཅི་ཞིག་ཡིན་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ནི་གང་ནས་བྱུང་བ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་དོན་ཅི་ཡིན་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཇི་ལྟར་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པ་ལ་ལན་འདེབས་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད།ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན་ཡོད།
ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གཞུང་ལས་ཁང་གིས“ལྷག་བསམ་མཐའ་གཅིག་པ”ཡི་གཤིས་རྒྱུད་ལ་བརྟེན་ནས་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་མཐོང་ཆེན་བྱེད་པ་ཨང་དང་པོར་བཞག་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དངོས་བསྒྲུབ་བྱས་རྗེས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས། “འགན་འཁུར་རྩ་ནས་འཁུར་བ་”ཡི་རྣམ་འགྱུར་ཐོག་ནས་ནུས་ཤུགས་སྦྱོང་བརྡར་བྱེད་པ་དང་། “ནོར་འཁྲུལ་མེད་པའི”འདུ་ཤེས་འཛུགས་དགོས།
“མགྱོགས་མྱུར་བརྟན་པོ་དང་ནན་པོ། ཞིབ་ཕྲ”ཡི་བླང་བྱ་དེ་“ཞབས་ཞུ་གསུམ་”གྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་དགོས།“ལེགས་སྐྱེས་འབུལ་འདོད་པའི”སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། སྟོང་ཆ་དག་པ་དང་དངོས་གཉེར་གང་ཐུབ་བྱས་ཏེ་ལས་སྒྲུབ་དང་ལས་གཏོད་ཀྱི་ལམ་བརྟན་པོ་དང་བརྟན་བརླིང་ངང་བསྐྱོད་དགོས། “དྭངས་གཙང་སྤྱོད་གཙང་”གི་རིག་པ་དྭངས་གསལ་གྱི་སྒོ་ནས་སྒྲིག་ཁྲིམས་ཀྱི་མ་མཐའ་ཐིག་བརྟན་སྲུང་དང་། སྣེ་ཁྲིད་ནས་སྤྱོད་གཙང་རང་གཅུན་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་བྱས་ཏེ། རང་ངོས་དྲང་བདེན་དང་། རང་ངོས་གཙང་མ། རང་ངོས་རྟིང་སྐུལ་བཅས་བྱས་ནས་སྤྱོད་ཚུལ་དྭངས་གཙང་དང་མཁའ་དབུགས་དྲང་བདེན་གྱི་ཆབ་སྲིད་སྣོད་བཅུད་ཆགས་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་འབྲེལ་ཡོད་གྱོད་དཔེ་བརྡ་ཁྱབ་བཏང་བ་རེད། ཚོགས་འདུ་འཚོགས་རྗེས། ཚོགས་འདུར་ཞུགས་མཁན་ཚང་མ་ཁུལ་ཨུའི་རུལ་རྒོལ་གཙང་སྤེལ་གྱི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ཕེབས་ནས་ཉེན་བརྡའི་སློབ་གསོ་སྤེལ་བ་རེད།
ཁུལ་སྲིད་གཞུང་གི་ཤུལ་དུ་ལས་གནས་སུ་ཡོད་པའི་འགོ་ཁྲིད་ཚན་པའི་ཁོངས་མི་དང་། ཁུལ་སྲིད་གཞུང་གཞུང་དོན་ཁང་གི་ཏང་ཡོན་ཡོངས་སློབ་སྦྱོང་ལ་ཞུགས་ཡོད།