བདེ་ཆེན་ཁུལ་གྱིས་ཁྱིམ་སྲོལ་བཟང་པོ་བཙུགས་ནས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        “ ‘རང་ཁྱིམ’འཛུགས་སྐྲུན་ཡག་པོ་བྱས་ཚེ་གཞི་ནས་‘ཚང་མའི་ཁྱིམ་ཚང་’དེ་བས་ལེགས་པ་ཡོང་ཐུབ། ”བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གི་འབུ་རིའི་སྦྲ་གུར་མཚན་མོའི་སློབ་གྲྭའི་ནང་བབ་ཆགས་པའི་སྐད་ཆ་དེས་དེ་གར་ཡོད་པའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

བདེ་ཆེན་ཁུལ་གྱིས་ཁྱིམ་དུ་འཚམས་འདྲི་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་བཅར་འདྲི་དང་ལེན་བྱེད་མཁན་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་ནང་མིར་ངོ་ཐུག་གདོང་འཕྲད་ངང་སློབ་སྦྱོང་དང་། ལས་དོན་གླེང་བ། བདེ་སྡུག་འདྲི་བ་བཅས་བྱས་ཏེ་ཁྱིམ་ཚང་གི་འཚོ་བ་དང་། གཟུགས་པོའི་གནས་ཚུལ། ཁྱིམ་ཚང་གི་སློབ་གསོ་དང་། ཁྱིམ་སྲོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ལས་བྱེད་པའི་ལས་དོན་སྤེལ་ཡུལ་ནས་ཆུ་ཚོད་8རིང་གི་འཚོ་བའི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་དང་སེམས་ཁུར་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས། 

        མིག་སྔར། བདེ་ཆེན་ཁུལ་གྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་སྤྱད་དེ་སློབ་སྦྱོང་དང་སློབ་གསོ་ཐེངས་7000ཙམ་སྤེལ་བ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིས་སློབ་སྦྱོང་དང་སློབ་གསོའི་ཏང་གི་སློབ་ཚན་ཐེངས་1700ལྷག་ཙམ་སློབ་ཁྲིད་བྱས་པ། དུས་ཐེངས་7པའི་ཁུལ་རིམ་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ། ཏང་ཡོན་ལས་བྱེད་པ་400ལྷག་ཙམ་གསོ་སྦྱོང་བྱས་པ། རྫོང(གྲོང་ཁྱེར)3གྱིས་མཚན་མོར་སྒྲོག་འགྲེལ་ཐེངས་1849བྱས་པ། དེར་ཞུགས་མཁན་མི་ཐེངས་ཁྲི་15.22ཟིན་པ། དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་ཞིབ་བཤེར་དང་བཅོས་སྒྲིག་བྱེད་རིང་མང་ཚོགས་ཞུགས་རྒྱུར་སྣང་ཆེན་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་རྒྱལ་གཅེས་ཁྱིམ་གཅེས་དང་། ཕན་ཚུན་དགའ་གཅེས། ཡར་རྒྱས་དོན་གཉེར། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཡ་རབས་ཀྱི་དར་སྲོལ་གསར་པ་ཞིག་ནུས་ལྡན་ཆགས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།