ཡུན་ནན་ཏང་སྲིད་འཐུས་མི་ཚོཊ་པས་ཧྲང་ཧའེ་རུ་རྟོག་ཞིབ་སློབ་སྦྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོདཡིག་དྲ་བ།

ཡུན་ནན་ཏང་སྲིད་འཐུས་མི་ཚོཊ་པས་ཧྲང་ཧའེ་རུ་རྟོག་ཞིབ་སློབ་སྦྱོང་བྱས

     ཟླ་7ཚེས་15ཉིན་ནས་ཚེས་16ཉིན་བར་ཡུན་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་བསྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་ནུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་ཧྲང་ཧའེ་ཡི་བསྒྱུར་བཅོས་གསར་གཏོད་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་བའི”འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་ཧྲང་ཧའེ་དང་ཡུན་ནན་མཉམ་ལས་ལ་སྐུལ་སྤེལ་བཏང་ནས་ཡང་བསྐྱར་ལེ་ཚན་གསར་པ་བྲིས་ཡོད།

     ཧྲང་ཧའེ་གྲོང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་། གྲོང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཀུང་ཀྲེན། ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝང་ཡུས་པོ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད། 

   

 འཐུས་མི་ཚོགས་པ་ཧྲང་ཧའེ་མི་དམངས་གྲོང་ཁྱེར་ལག་ལེན་འགྲེམས་སྟོན་ཁང་དུ་ཕེབས་ནས་ཧྲང་ཧའེ་ཡིས་དུས་རབས་གསར་པའི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལག་ལེན་ཉམས་མྱོང་སློབ་སྦྱོང་བྱས་པ་རེད།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་སུ་ཞིག་གི་ཆེད་དུ་དང་། སུ་ལ་བརྟེན་པ། དེ་བཞིན་གྲོང་ཁྱེར་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་གྲོང་ཁྱེར་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད། འཐུས་མི་ཚོགས་པ་ཆེད་མངགས་ཧྲང་ཧའེ་མི་དམངས་གྲོང་ཁྱེར་ལག་ལེན་འགྲེམས་སྟོན་ཁང་དུ་ཕེབས་ནས་ཧྲང་ཧའེ་ཡིས་དུས་རབས་གསར་པའི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལག་ལེན་ཉམས་མྱོང་སློབ་སྦྱོང་ནན་ཏན་བྱས་པ་དང་། ཧྲང་ཧའེ་ཡི་བློ་མཐུན་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི“མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་ཡིན”ཞེས་པའི་འདུ་ཤེས་རྟོགས་ནས་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་དང་། རྩ་དོན། གཙོ་གནད་ལས་འགན་བཅས་ཁོང་དུ་ཆུད་པ་གཏིང་ཟབ་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་གི་གསར་གཏོད་བྱེད་སྟངས་སྤེལ་རེས་བྱས་པ་རེད། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཧྲང་ཧའེ་དང་ཡུན་ནན་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། འཐུས་མི་ཚོགས་པ་ཀྲའོ་ཞང་གྲོང་རྡལ་ཧོ་ཧུའུ་གྲོང་ཚོར་བསྐྱོད་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི“གྲོང་གསེབ་+ཚོང་འགྲུལ”ཐོན་ལས་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་གཏོད་རྒྱུར་རྟོག་ཞིབ་བྱས་ཏེ། གཅིག་གྱུར་ཚོང་འགུགས་གཉེར་སྐྱོང་དང་། འཛད་སྤྱོད་རྣམ་པ་གསར་གཏོད། གྲོང་ཚོའི་སྐུལ་འདེད་བཅས་སློབ་སྦྱོང་དང་དཔྱད་གཞིར་བཟུང་བ་རེད།    གྲོང་མིའི་ཡོང་འབབ་སོགས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་དང་སྡོད་གནས་ཀྱི་ཐབས་ལམ་གསར་པ་གསར་གཏོད་བྱེད་པར་དཔྱད་བསྡུར་བྱས་ཡོད།

   

  འཐུས་མི་ཚོགས་པས་ཧྲང་ཧའེ་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཁང་དུ་ཐོན་སྐྱེད་ཞིབ་འཇུག་གསར་སྤེལ་དང་ཡུན་ནན་དང་མཉམ་ལས་བྱས་ཚུལ་ཤེས་རྟོགས་གནང་བ།

      ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ནི་ཡུན་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩ་ཡིན།འཐུས་མི་ཚོགས་པ་ཧྲང་ཧའེ་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཁང་དུ་ཕེབས་ནས་འདུས་སིན་ཐིན་འགྱུར་ལག་རྩལ་དང་གཤིས་ནུས་མཐོ་བའི་རྒྱུ་ཆའི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་བསྐྱོད་ནས་ཐོན་རྫས་གསར་པར་ལྟ་ཞིབ་ཞིབ་ཕྲ་བྱས་པ་དང་། སྨན་ཁང་དེ་དང་ཧྲང་ཧའེ་ཧྭ་དབྱི་ཚོགས་པ་གཉིས་ཀྱིས་སློབ་གླིང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྨང་གཞིའི་ཞིབ་འཇུག་དང་། བཟོ་སྐྲུན། ཉེར་སྤྱོད་བཅས་ཀྱི་ཐོན་ལས་ལག་རྩལ་གསར་གཏོད་མ་ལག་གི་བྱེད་སྟངས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་གྱིས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཆེད་ཉམས་མྱོང་ལེན་པ། ཧྭ་ཚེ་ཚད་ལེན་ཕྱོགས་སྟོན་ལག་རྩལ་ཀུང་སིས་ཞིབ་ཚད་མཐོ་བའི་ཕྱོགས་སྟོན་གནས་ངེས་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་བློ་རྩེ་གཅིག་ཏུ་གཞོལ་ནས་ཐོན་རྫས་དང་ཐག་གཅོད་ཇུས་གཞི་རྩད་ཞིབ་དང་། ཨར་སྐྲུན་དང་། འགྲིམ་འགྲུལ་ཞིང་ལས་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཚང་མས་འགྲེལ་བཤད་ནན་ཏན་གྱིས་ཉན་ནས་ཡུན་ནན་གྱིས་ཐོན་རྫས་གསར་པར་བཀོལ་སྤྱོད་ཀྱི་རྣམ་པ་དེ་བས་མང་བ་མཁོ་འདོན་བྱེད་ཐུབ་པར་མ་ཟད། ས་གཤིས་གནོད་འཚེའི་སྔོན་བརྡ་གཏོང་བ་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།  

  འཐུས་མི་ཚོགས་པས་ཧྲང་ཧའེ་ཧྭ་ཚེ་ཚད་ལེན་ཕྱོགས་སྟོན་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིར་ལག་རྩལ་གསར་གཏོད་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

     རི་ཆུ་ཕར་ལ་བརྒལ་ནས་འཕེལ་རྒྱས་གཏོང་བར་ཐུན་མོང་ཐོག་གྲོས་མོལ་བྱས་པ། ས་གནས་གཉིས་ཀྱི་བློ་མཐུན་ཚོས་རྟོག་ཞིབ་བྱེད་སྐབས་སྤེལ་རེས་གཏིང་ཟབ་དང་གྲོས་མོལ་དམ་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐུན་མོང་ཐོག་ལག་བསྟར་དོན་འཁྱོལ་དང་། ཧྲང་ཧའེ་དང་ཡུན་ནན་མཉམ་ལས་ཀྱི་“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་བསྒྲིལ་ལས་དོན་དམ་འཛིན་བྱས་ཏེ། “16+16”གཙོ་གནད་ཐོན་ལས་གླིང་ཁུལ་གྱི་མཉམ་ལས་དང་ཐུན་མོང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། ཐོན་ལས་སྤོ་སྒྱུར་དང་ལེན་དང་། ཚན་རྩལ་གསར་གཏོད། གྲོང་ཁྱེར་བཅོས་སྐྱོང་། སྤྱི་ཚོགས་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་བར་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱས་ནས་གྲུབ་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

      ཝང་ཉིང་གིས་རྟོག་ཞིབ་བྱེད་སྐབས་རང་ཞིང་ས་གནས་ཁག་གི་སྡེ་ཁག་གིས་བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ་མིག་ཕྱི་ལ་ཕྱོགས་པ་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སུ་སྔར་ལས་ལེགས་པར་བསྒྱུར་ཏེ། མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བསྡུར་ནས་ལེགས་ཆ་འདོན་སྤེལ་བྱེད་པ། ལས་དོན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཧྲང་ཧའེ་དང་ཡུན་ནན་མཉམ་ལས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལ་ཕན་པ་ཐོབ་པའི་ཞིབ་ཕྲའི་རྣམ་གྲངས་རེ་རེ་བཞིན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མཐའ་མཚམས་མི་རིགས་ཁག་གི་མི་དམངས་ལ་འཚོ་བ་དེ་བས་ལེགས་པའི་འཚོ་བ་རོལ་དུ་འཇུག་དགོས་པའི་བླང་བྱ་བཏོན་ཡོད།

      ཚེས་16ཉིན་སྔ་དྲོ་རང་ཞིང་གིས“ཡུན་ནན་ལ་མ་འཇོག་དང་ཡུན་ནན་ཞེས་པའི་གོ་སྐབས་ཤིག་ཡོད”ཞེས་པའི་ཚོང་འགུག་ངོ་སྤྲོད་ཚོགས་འདུ་འཚོགས་ནས་གྲགས་ཅན་ཁེ་ལས་120ལྷག་ཙམ་དང་ས་གནས་ས་ཐོག་སྤེལ་རེས་དང་གནད་ལ་འཁེལ་བའི་འབྲེལ་མཐུད་བྱས་པ་རེད།“ལྗང་གློག་དང་སྔོན་ཐོན་བཟོ་སྐྲུན”དང་། ཇ་ཐོན་ལས་བཟོ་ལས་ཅན་དུ་འགྱུར་བ། ཀྲུང་ལུགས་སྨན་རྫས་ཐོན་ལས་ཅན་སོགས་ཐོན་ལས་འབྲེལ་ཐག་མཚམས་སྦྱོར་བྱེད་མཁན་དང་དེ་བཞིན་ཧྭ་ཀྲུའུ་ཚོགས་པ་དང་ཆིན་ཧྲི་ཚོགས་པའི་འགན་འཁུར་བས་གཏམ་བཤད་གནང་བ་རེད། ཝང་ཉིང་དང་ཝང་ཡུས་པོས་འབྲེལ་ཡོད་མ་འཇོག་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་ཐུན་མོང་ཐོག་བདེན་དཔང་བྱས་པ་དང་རྒྱ་ཆེའི་ཁེ་ལས་མཁས་ཅན་ཡུན་ནན་དུ་ཡུལ་སྐོར་དུ་ཡོང་བ་དང་མ་དངུལ་བཏང་ནས་ལས་གཉེར་བྱེད་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།   

       ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་ཁྲིད་ལི་ཀྲེང་དང་། ཧྭ་ཡོན། ཀྲང་ཞའོ་ཧུང་། ལིའུ་ཏུའོ་བཅས་དང་། ཡུན་ནན་ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཧུང་ཅན་དང་། ཆིའུ་ཅང་། ཀྲའོ་ཅུན་མིན། དབྱང་པིན། ཝང་ཞན་ཀང་། ཞུས་ཧའོ། ཝང་ཞུའེ་ཆིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།ཡུན་ནན་ཞིང་ཆེན་གྱི་ཁུལ་དང་(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་སློབ་སྦྱོང་ལ་ཞུགས་ཡོད།