རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་7པའི་ཚེས་11ཉིན་ཁུལ་ཨུ་རྒྱུན་ཨུ་ཚན་ཁག་དང་ཁུལ་སྲིད་གཞུང་ཏང་ཙུའི་འགོ་ཁྲིད་ཚན་ཁག་གིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། བསྡོམས་རྩིས་ལས་དོན་ཡག་པོ་སྒྲུབ་པ་སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལེགས་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་དང་། དམིགས་ཡུལ་གྱི་འདུ་ཤེས་ཟབ་གཏོང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་དང་དབང་ཆའི་ལྟ་བ་འཛུགས་པ་དང་ལག་བསྟར་བཅས་བྱས་ཏེ་སྤྱོད་ཚུལ་ནན་པོར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་བ།
ཚོགས་འདུ་མ་འཚོགས་གོང་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་དང་ཁུལ་སྲིད་གཞུང་ཏང་ཙུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་གྲ་སྒྲིག་ནན་ཏན་བྱས་ཏེ་སྒེར་གྱིས་རང་སྦྱོང་བྱས་པ་བརྒྱུད་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ། གནད་དོན་བཙལ་འཚོལ་གཏིང་ཟབ་བཅས་གནང་སྟེ་མི་སྒེར་གྱི་གཏམ་བཤད་གནད་བསྡུས་ནན་ཏན་ངང་རྩོམ་འབྲི་གནང་།
ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་ཏང་ཙུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་ལེགས་བཤད་གལ་ཆེན་ཐུན་མོང་ཐོག་སློབ་སྦྱོང་བྱས་པ། ལུའོ་ཁྲའོ་ཧྥེང་གིས་སྐུལ་སློང་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཙུའི་ཁོངས་མིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་བྱས་ཏེ། རང་ངོས་སུ་གནས་པའི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་གཏིང་ཟབ་བྱས་པ་དང་། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་ནས་དག་ཐེར་ཡོ་བསྲང་གི་ཁ་ཕྱོགས་དང་བཅོས་སྒྲིག་བྱེད་ཐབས་ཁ་གསལ་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཚོགས་འདུའི་ཐོག་སྒམ་བརླིང་ནན་ཏན་གྱིས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། མཐུན་སྒྲིལ་ཟབ་གཏོང་། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། ཁུལ་ཨུ་རྒྱུན་ཨུ། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གིས་ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་འཕྱུགས་མེད་བཏང་སྟེ། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་རྒྱ་ཡོད་པ་དང་། ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་པ། ཡུན་ནན་གྱིས་བྱ་སྤྱོད་སྤེལ་བ། བདེ་ཆེན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་”བཅས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་ལས་ཀ་མང་ཙམ་བྱེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་གི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་དགོས། བསྡོམས་རྩིས་ལས་ཀའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སྣེ་ཁྲིད་དེ་བསྡོམས་རྩིས་སློབ་སྦྱོང་དང་། བསྡོམས་རྩིས་ཤེས་རྟོགས། བསྡོམས་རྩིས་བེད་སྤྱོད། བསྡོམས་རྩིས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བའི་སྣེ་ཁྲིད་དེ། བསྡོམས་རྩིས་རྫུན་བཟོ་བྱེད་པའི་གནད་དོན་འབྱུང་རྩ་ནས་དོགས་ཟོན་དང་། གསར་རྙེད་ཡོ་བསྲང་། འགན་འཁྲི་བདའ་འདེད་ནན་པོ་བཅས་བྱེད་པའི་འབྲེག་ཐག་ཧྲིལ་པོའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་སྟེ། སྤུས་ཚད་མཐོ་བའི་བསྡོམས་རྩིས་ལས་ཀའི་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་དོ་དམ་དང་ཏང་ནན་སྐྱོང་གི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། སྤྱོད་གཙང་ཡུན་ནན་འཛུགས་སྐྱོང་གི་བདེ་ཆེན་ལག་ལེན་གཏིང་ཟབ་ཏུ་གཏོང་བ། ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་དང་ཞིང་ཆེན་ཨུ་ལྷན་གྱི་ཆབ་སྲིད་སྣོད་བཅུད་དངོས་སྡོད་ཞིབ་འཇུག་དང་ཚུར་ལན་སློག་པའི་གནད་དོན་དག་ཐེར་ཡོ་བསྲང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དོན་འཁྱོལ་ཏན་ཏིག་ཡོང་བ་བཅས་བྱེད་དགོས། དག་ཐེར་ཡོ་བསྲང་གི་“རྩོམ་ཡིག་ཕྱི་མ་”ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ།འཕྲལ་མར་ཞིབ་བཤེར་དང་ཡོ་བསྲང་དང་།འཕྲལ་མར་ཡོ་བསྲང་དངོས་གནས་དྲང་གནས་ཀྱི་དག་ཐེར་ཡོ་བསྲང་གི་ཕན་འབྲས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྐྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
ཁུལ་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་མིའོ་ཡིའུ་ཧྥ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་སུང་ཡུང་ལི་ཚོགས་འདུར་ཟུར་ཞུགས་གནང་བ་རེད།