སྐལ་བཟང་གིས་རི་སྔོ་ཆུ་དྭངས་བར་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རི་བོ་སྔོ་ཞིང་མཐོ་བ་དང་། བྱ་དངོས་ཡོད་ཚད་འགྲན་ནས་སྐྱེས་པའི་ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟབ་སར་རྒྱུན་དུ་གྲིབ་གཟུགས་འདི་འདྲ་ཞིག་མཐོང་ཐུབ་པ་སྟེ། ཁོང་གིས་ལོ་མང་རིང་མཐའ་ཡས་པའི་ནགས་ཚལ་རྒྱ་མཚོ་དང་གངས་རིའི་ཉེན་ཁ་ཆེ་བའི་གྲམ་ངོགས་སུ་བསྐྱོད་དེ་འབད་བརྩོན་ལྷོད་མེད་ཀྱིས་སྐྱེ་ཁམས་མ་ལག་གི་གསང་བ་འཚོལ་ཞིབ་གནང་བཞིན་ཡོད་པ་དང་། ཁོང་ཉིད་ལྷག་བསམ་རྣམ་དག་དང་ཚེ་གང་པོར་བསླབས་པའི་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ས་གཞི་དེའི་ཐོག་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་ནི་བདེ་ཆེན་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་སྣོད་བཅུད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་སྐལ་བཟང་རེད།

       གོམ་པ་ཡིས་ལྗང་མདོག་གི་མངའ་ཁོངས་འཇལ།

       སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་བྱ་གཞག་ནང་ཞུགས་ཚུན། སྐལ་བཟང་གིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཞིབ་འཇུག་གི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མཐའ་འཁྱོངས་བྱས་པ་ནི་ཐད་ཀར་ལྟ་ཞིབ་དང་བརྟག་དཔྱད་གཏིང་ཟབ་བྱས་པ་ཞིག་ཡིན་པ་དང་། ཚ་གདུག་ཆེ་བའི་དུས་སུ་བཟོད་པར་དཀའ་བའི་དབྱར་ཁ་ཡིན་ནའང་འདྲ། ཡང་ན་གྲང་ངར་ཆེ་བའི་དགུན་ཁ་ཡིན་ནའང་འདྲ། ཁོང་གིས་ཞིབ་འཇུག་ཁང་གི་ལས་དོན་མི་སྣའི་སྣེ་ཁྲིད་དེ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ལྕི་པོ་འཁུར་ནས་འཇོལ་རྫོང་གི་ཆོས་འཛོམས་སྒང་ནས་རྐང་ཐང་མར་འབའ་ལུང་རྫོང་གི་མཐའ་ཆུ་བར་དང་། ས་བབ་མཐོ་ཚད་སྨི་2000ཡོད་པའི་ལུང་ཤུར་ནས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་གངས་རི་དང་ལ་ཉག་བར་རྐང་ཐང་མར་བསྐྱོད་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་རྩ་བའི་བརྟག་དཔྱད་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན། སྣོད་བཅུད་མ་ལག་ལ་བབ་བསྟུན་ཚོད་སྐོར་སོགས་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་ལས་དོན་སྤེལ་བ་དང་ལོ་ལྟར་ཕྱི་རོལ་དུ་ལས་ཀ་བྱེད་ཀྱི་ཡོད།

       སྲུང་སྐྱོང་ཁུལ་དུ་ཚན་རིག་ཞིབ་འཇུག་གི་ལས་དོན་སྤེལ་བ་ནི་དཀའ་ཚེགས་ཆེ་ཞིང་། ལས་དོན་མི་སྣར་རྟག་ཏུ་གྲང་ངར་དང་གསོ་རླུང་མི་འདང་བའི་འགྲན་སློང་དང་དེ་བཞིན་ས་དབྱིབས་རྙོག་འཛིང་ཆེ་ལ་བརྡ་རྟགས་མི་འདང་བའི་དཀའ་གནད་འཕྲད་ཀྱི་ཡོད། འོན་ཀྱང་དཀའ་ངལ་དང་ཉེན་ཁ་དེ་དག་གིས་སྐལ་བཟང་གི་ཐོག་མའི་བསམ་འདུན་ལ་གཡོ་འགུལ་ཐེབས་མྱོང་མེད། ལོ་མང་རིང་སློབ་སྦྱོང་དང་ལག་ལེན་གྱི་ལས་དོན་སྤེལ་བར་བརྟེན་ནས་སྐལ་བཟང་གཞི་རིམ་ས་ཚིགས་དང་སུའོ་ཡི་ལས་དོན་མི་སྣ་ཞིག་ནས་ཆེད་ལས་ལག་རྩལ་རྐང་འཛིན་པ་ཞིག་ཏུ་གྱུར་ཡོད། མིག་སྔའི་བར། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་གྱི་འཆར་གཞི་ཐེངས་གཉིས་ལེགས་གྲུབ་བྱས་པ་དང་། ཁྱོན་བསྡོམས་སྔོ་ཁེབས་རིགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་དཔེ་མཚོན་ས་ཞིང་14བཀོད་སྒྲིག་བྱས་ཤིང་། དེའི་ནང་དྲོད་གྲང་རང་བཞིན་གྱི་ཁབ་ཀྱི་ལོ་མའི་ནགས་ཚལ་དང་། ཁབ་ཞེང་མཉམ་བསྲེས་ནགས་ཚལ། དྲོད་གྲང་རང་བཞིན་གྱི་ཁབ་ཀྱི་ལོ་མའི་ནགས་ཚལ། ལོ་མ་མཁྲེགས་པོའི་རྒྱུན་ལྗང་གི་ལོ་མ་ཆེ་བའི་ནགས་ཚལ། གྲང་ཟུག་རང་བཞིན་གྱི་ལྗོན་ཤིང་།         རི་མཐོའི་འདམ་རའི་སྤང་རྩྭ་སོགས་དཔེ་མཚོན་རྩི་ཤིང་གི་རིགས་6ཚུད་ཡོད། སྐལ་བཟང་གིས་ཞིབ་འཇུག་ཚོགས་པའི་སྣེ་ཁྲིད་དེ་རྩི་ཤིང་གི་རིགས་6གི་ཐད་ལྷུང་རྩི་ཤིང་གི་རིགས་ཁྱོན་10བཙུགས་ཡོད་པ་དང་། སྲོག་ཆགས་ཀྱི་གཏན་ཆགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་དཔེ་མཚོན་24བཙུགས་ཡོད་པ་མ་ཟད། པར་ཆས་དམར་པོ་370ལྷག་ཙམ་བཙུགས་ཡོད་པ་དང་། ཚན་79ཡི་ཁོངས་167ཁོངས་239དང་དེ་བཞིན་ཚན་16གི་ཁོངས་26ཁོངས་31གི་གཅན་གཟན་གྱི་རིགས་ཡིན་པ་གྲུབ་འབྲས་ཐོབ་པའི་ངང་ཟིན་ཐོར་བཀོད་པ་དང་། ཚན་10དང་ཚན་30ཁོངས་74བྱ་རིགས་140ལ་ལྟ་ཞིབ་ཚད་ལེན་བྱས་ཡོད། ཁོང་གི་སྣེ་ཁྲིད་འོག་ཞིབ་འཇུག་ཁང་དང་ཡུན་ནན་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་། ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་། ས་དམ་རི་མཐོའི་རྩི་ཤིང་གླིང་བཅས་ཀྱིས་མཉམ་དུ་ལྷོ་ནུབ་རི་ཁུལ་གྱི་དཔེ་མཚོན་གྱི་རི་མཐོའི་སྔོ་ཁེབས་ཐད་དཔྱང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་ཁང་དང་མཉམ་དུ་པད་མ་རི་བོའི་རི་མཐོའི་འཁྱགས་རོམ་སྣོད་བཅུད་མ་ལག་གི་ཕྱི་རོལ་གྱི་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་ཏེ་རི་མཐོའི་འཁྱགས་རོམ་རྩི་ཤིང་གི་སྐྱེ་ཁམས་འཕྲོད་མཐུན་རང་བཞིན་དང་། ཚོགས་པ་འཛུགས་པ་དང་རྒྱུན་སྲུང་ནང་རྐྱེན། དེ་བཞིན་རི་མཐོའི་འཁྱགས་རོམ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྲུབ་པའི་བརྒྱུད་རིམ་དང་བྱེད་ནུས་སོགས་ལ་ཞིབ་འཇུག་བྱས་པ། ཡུན་ནན་སློབ་ཆེན་དང་མཉམ་དུ་པད་མ་རི་བོ་མཉམ་འདུས་སྣོད་བཅུད་མ་ལག་ཐད་དཔྱང་ཐགས་ཤལ་ཕྱི་རོལ་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུགས་ས་ཚིགས་འཛུགས་པ་བཅས་བྱས་ཏེ་ཐད་དཔྱང་སྐས་རིམ་7བཀོད་སྒྲིག་བྱས་ཏེ་རི་ཁུལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱབ་སྟངས་ཆོས་ཉིད་དང་རྒྱུན་སྲུང་ལམ་སྲོལ།  རི་མཐོའི་ནགས་ཚལ་སྣོད་བཅུད་མ་ལག་གི་གྲུབ་ཆ།  བརྒྱུད་རིམ་དང་ནུས་པ་དང་དེ་བཞིན་དེའི་འགུལ་ཚུལ་འགྱུར་ལྡོག་གི་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་པ། བྱེད་ཐབས་རབ་དང་རིམ་པ་དེས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

       བློ་རྩེ་བསྒྲིམས་ནས་བརྩོན་ཞིབ་བྱས་ཏེ་བློ་གྲོས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གསང་བ་གཏོར་བ།

       སྐལ་བཟང་ནི་ཉམས་ལེན་འབད་སྒྲུབ་ཀྱི་ཕྱི་རོལ་ལས་དོན་པ་ཞིག་ཡིན་པ་མ་ཟད། ད་དུང་གཟབ་ནན་བདེན་འཚོལ་གྱི་ཚན་རིག་འཚོལ་ཞིབ་པ་ཞིག་ཀྱང་ཡིན། ཁོང་གིས་འབད་བརྩོན་ལྷོད་མེད་འོག་ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚན་ཞིབ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་།ཁོང་གིས་ཚན་ཞིབ་ཚོགས་པའི་སྣེ་ཁྲིད་དེ་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་ཉེར་སྤྱོད་རང་བཞིན་ལྡན་པའི་ཚན་ཞིབ་འགག་སྒྲོལ་རབ་དང་རིམ་པ་བྱས་པ་སྟེ།སྲུང་སྐྱོང་ཁུལ་གྱི་དམར་ཕྱིའི་པར་ཆས་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་ཚད་གཞི་གཏན་འབེབས་བྱས་པ་དང་།   ཏན་སྤྲེའུ་སྤུ་སེར་རིགས་ཀྱི་འགུལ་ཚུལ་ལ་ཆེད་དོན་ལྟ་ཞིབ་ཚད་ལེན་དང་སྐོར་གཡེང་བདེ་བླག་ངང་ལག་བསྟར་བྱས་ཤིང་། སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དང་བྱེད་ནུས་ཁུལ་ལེགས་སྒྲིག་དང་རྩད་ཞིབ་ཐིག་ལེན་ལས་དོན་དང་དེ་བཞིན་སྟག་མའི་མེ་ཏོག་གི་ཁོངས་སུ་གཏོགས་པའི་རྩི་ཤིང་གི་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་རེད།ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད(2018ལོ་ནས་2027ལོའི་བར)》དངཡུན་ནན་པད་མ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་འཆར་གཞི(2021ལོ་ནས་—2025ལོའི་བར)》སོགས་རྩོམ་སྒྲིག་བྱས་པ་རེད།  2021ལོརཏན་སྤྲེའུ་སྤུ་སེར་ཁྱུའི་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་སྒྲིག་སྲོལདངཏན་སྤྲེའུ་སྤུ་སེར་མྱུར་སྐྱོབ་དང་གློད་གཏོང་ལག་རྩལ་སྒྲིག་སྲོལགཉིས་ཀྱི་ཞིང་ཆེན་རིམ་པའི་ས་གནས་ཚད་གཞི་འཆར་ཟིན་འགོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས། 2022ལོརཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཏན་སྤྲེའུ་སྤུ་སེར་ཁྱུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་སྙན་ཞུལེགས་སྒྲུབ་བྱས་པ་དང་2025ལོརཔད་མ་རི་བོའི་སྟག་མའི་མེ་ཏོགཅེས་པའི་དཔེ་དེབ་གཙོ་སྒྲིག་པར་སྐྲུན་བྱས་པ་རེད། 2023ལོར་སྐལ་བཟང་ཞུགས་པའི་ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིནམ་མཁའ་དང་སགཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་རྣམ་གྲངས་དེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པས་སྣོད་བཅུད་ཁོར་ཡུག་པུས་ཕུལ་བྱུང་གི་མཚོན་དཔེ་བདམས་ནས་འགྲེམས་སྟོན་བྱས་པ་རེད།

       ཚན་རིག་ཞིབ་འཇུག་གི་སྙན་ཞུ་མཐུག་པོ་དང་། ཆུ་ཚད་མཐོ་བའི་རིག་གཞུང་དཔྱད་རྩོམ། དངོས་སྤྱོད་རིན་ཐང་ལྡན་པའི་ཆེད་ཁེའི་ལག་རྩལ་བཅས་ཚང་མར་སྐལ་བཟང་དང་དེའི་ཚོགས་པའི་བློ་གྲོས་དང་སེམས་ཤུགས་འདུས་ཡོད།

       སྐལ་བཟང་གིས་པད་མ་རི་བོ་ནི་ནགས་ཚལ་ཞིག་དང་རི་བོ་འགའ་ཞིག་ཙམ་མ་ཟད། ཏན་སྤྲེའུ་སྤུ་སེར་གྱི་ཁྱིམ་ཞིག་དང་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་མང་པོའིགཞི་རྒྱུའི་མཛོདཅིག་ཀྱང་རེད། དེ་དག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕ་ཡུལ་གྱིརྩ་བསྲུང་བ་ཞིག་རེད་ལ། ཕ་ཚ་བུ་རྒྱུད་ལ་བཞག་པའི་ལག་རྟགས་རྩ་ཆེ་ཤོས་ཤིག་ཀྱང་རེད།

       སྐལ་བཟང་གིས་མི་ཚེའི་ཁྲོད་ཀྱི་རྩ་ཆེའི་ལང་ཚོ་ཚང་མ་ཡུན་ནན་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཕུལ་ཡོད། ཁོང་གི་གཟུགས་བརྙན་དེ་སྔ་ས་ནས་རི་བོ་སྔོ་ཞིང་དྭངས་བའི་བརྒྱུད་རིམ་ནང་འདྲེས་པས་ཁོང་གི་སེམས་ཤུགས་སྔ་ས་ནས་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་སྟོབས་ཤུགས་སུ་གྱུར་ཡོད། ཁོང་གིས་གོམ་སྟབས་དང་། བློ་གྲོས། བརྩེ་སེམས། འགན་འཁྲི་བཅས་ལ་བརྟེན་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྣོད་བཅུད་ཚན་ཞིབ་ལས་དོན་པ་ཞིག་གིས་དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་ལྡན་པའི་ལེའུ་ཞིག་བརྩམས་ཡོད།