ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཐོན་ལས་ལ་བརྟག་ཞིབ་གནང་ནས་བླང་བྱ་བཏོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་7ཚེས་14ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕེབས་ཡོད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རང་ཁུལ་གི་ཕུལ་བྱུང་མི་རིགས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་ར་གསར་འབྱེད་ཧུར་ཐག་དང་སྤུས་རྟགས་གསོ་སྐྱོང་ཞིབ་ཚགས་བྱས་ཏེ་རིག་གནས་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རྡོ་མཁར་རྫོང་བོད་འཚེམ་རིག་གནས་སྒྱུ་རྩལ་ཁང་དང་། ཧྲན་ཁྲོན་ཡུས་ལི་རིག་གནས་གསར་གཏོད་ཚོང་ཁང་། བྲག་གཡབ་ཚོ་དཔོན་གཞིས་ཁུལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕུན་སུམ་ཚོགས་མི་རིགས་གྱོན་ཆས་ཚད་ཡོད་ཀུང་སི་བཅས་སུ་ཕེབས་དུས། ལུའོ་ཁྲའོ་ཧྥེང་གིས་གཉེར་སྐྱོང་པ་དང་ལག་ཤེས་པར་བྱམས་བརྩེའི་ངང་སྤེལ་རེས་བྱས་ནས་རང་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཇུས་འགོད། ཐོན་སྐྱེད་བཟོ་རྩལ་བརྒྱུད་རིམ། ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་། ཁྲོམ་རའི་ཚོང་རྒྱུ། ལས་ཞུགས་བསྡུ་བ། མང་ཚོགས་ཀྱི་ཡོང་འབབ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།མིག་སྔའི་གཉེར་སྐྱོང་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ངལ་གྱི་གནད་དོན་དང་ང་ཚོའི་ཁུལ་གྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་རིག་གནས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཚང་མའི་བསམ་འཆར་དང་གྲོས་འགོ་གནང་བ་རེད།

    ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་གཉེར་སྐྱོང་གཙོ་གཟུགས་ཀྱིས་རང་ཁུལ་གྱི་ཕུལ་བྱུང་མི་རིགས་རིག་གནས་ལ་གཞི་ཚུགས་ནས་གསར་གཏོད་དང་ལག་ལེན་བྱེད་ཕོད་པར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གནང་བ་རེད།ཁོང་གིས་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་འཚོ་བ་ཅན་དང་མང་ཚོགས་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་དང་དངོས་སྤྱོད་རིན་ཐང་གཉིས་ལྡན་གྱི་རིག་གནས་གསར་གཏོད་ཀྱི་ཉིན་མཁོའི་དངོས་རྫས་དང་ཡུལ་སྐོར་དྲན་རྟེན་དངོས་རྫས་གསར་སྤེལ་བྱས་ནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་སྒྱུ་རྩལ་དེང་རབས་ཀྱི་འཚོ་བའི་ནང་དངོས་སུ་འདྲེས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་གཏོང་བ། མང་ཚོགས་དེ་བས་མང་བའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་སྐུལ་ཁྲིད་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་སྲོལ་རིག་གནས་དང་། ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས། མི་རིགས་རྒྱན་གོས་རིག་གནས་བཅས་རྒྱུན་འཛིན་དང་། གསར་གཏོད། མཉམ་འདྲེས་བཅས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རིག་གནས་ཀྱི་གཞི་རྒྱུ་ཡུལ་སྐོར་ཐོན་ལས་སྦྲེལ་ཐག་གཏིང་ཟབ་ཏུ་འཇུག་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ཡུལ་སྐོར་བ་ཞུགས་ཚད་དང་ཉམས་ལེན་གྱི་ཚོར་སྣང་ཆེ་རུ་གཏོང་རྒྱུར་ཤུགས་ཆེན་གཏོང་དགོས། དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ། དེང་རབས་ཇུས་འགོད་འདུ་ཤེས་དང་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་སྲོལ་རྒྱུན་གཞི་རྒྱུ་དང་དེང་རབས་བཟོ་རྩལ་དང་དར་སྲོལ་རླབས་རྒྱུན་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་རྫས་ཀྱི་རིག་གནས་ནང་དོན་དང་། སྒྱུ་རྩལ་རིན་ཐང་། ཁྲོམ་རའི་དང་ལེན་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དངོས་མིན་རིག་གནས་ཤུལ་བཞག་གསོན་པོར་འགྱུར་བ་དང་། བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་གསར་གཏོད་ཐོན་རྫས་ཕྱི་རོལ་དུ་བསྐྱོད་དུ་འཇུག་དགོས་ཞེས་བསྟན་ཡོད།

    ལུའོ་ཁྲའོ་ཧྥེང་གིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་མདུན་ཕྱོགས་སུ་ཞབས་འདེགས་ཞུ་དགོས་པ་དང་། ཐོན་ལས་སྦྲེལ་མཐུད་དང་། འགྲེམས་སྟོན་འགྲེམས་ཚོང་། ཆ་འཕྲིན་སྤེལ་རེས་སོགས་ཞབས་ཞུའི་སྟེགས་བུ་ཧུར་ཐག་བསྐྲུན་ནས་རང་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་དང་སྤུས་ལེགས་རིག་གནས་གསར་གཏོད་ཐོན་རྫས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས།སྲིད་གཞུང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱས་ནས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཏེ་ཕུལ་བྱུང་མི་རིགས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གསར་གཏོད་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་ཁོར་ཡུག་སྔར་ལས་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།

    ཁྲེན་ཆུན་དང་ལུའུ་ཀྲི་ཅུན་བརྟག་ཞིབ་ནང་ཞུགས་ཡོད།