ལུའོ་ཁྲའོ་ཧྥེང་གིས་ཆུ་ལོག་སྔོན་འགོག་ཐད་བླང་བྱ་ནན་མོ་བཏོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་7ཚེས་13ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོན་གཉིས”ཀྱི་བྱ་ཐབས་ཐོག་ནས་ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་ལས་དོན་ལ་ཞིབ་བཤེར་དང་བཀོད་གཏོང་བྱེད་སྐབས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་འཛིན་པ་དང་ཚེ་སྲོག་གོང་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། ཆུ་ལོག་སྔོན་འགོག་གེགས་སེལ་གྱི་བྱེད་ཐབས་ཁག་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཏན་ཏིག་བྱས་ནས་ཁུལ་ཡོངས་བདེ་འཇགས་ངང་ཆུ་ལོག་སེལ་ཐུབ་པའི་འགན་ལེན་བྱ་དགོས། ལུའོ་ཁྲའོ་ཧྥེང་ཁུལ་གྱི་ཆུ་ལོག་སྔོན་འགོག་ཐན་འགོག་བཀོད་འདོམས་པུའུ་རུ་གཏིང་ཟབ་ཏུ་ཕྱིན་ནས་ས་གནས་ས་ཐོག་ཏུ་རྫོང་གསུམ་(གྲོང་ཁྱེར)དང་གཙོ་གནད་ཤང་(གྲོང་ཁྲེར)གྱི་ལས་རེས་དང་ལས་སྲུང་གནས་ཚུལ།  སྒྲིག་སྲོལ་འཁོར་སྐྱོད་ཀྱི་ཕན་འབྲས་ལ་བཀོད་གཏོང་བྱས་པ་དང་། ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་གནས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ཏེ་ལས་རེས་དང་ལས་སྲུང་དམ་འཛིན་དང་ལམ་སྲོལ་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་དགོས་པ”ཡི་འགན་འཁྲིའི་འདུ་ཤེས་ཐོག་ནས་ཆུ་ལོག་དུས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

    ལུའོ་ཁྲའོ་ཧྥེང་གིས་ད་ལོའི་ཚུན་དུ་ཁུལ་ཡོངས་ཀྱི་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་ལ་ཐོབ་པའི་ཕན་འབྲས་ཁས་ལེན་གནང་བ་རེད།ཁོང་གིས་མིག་སྔར་ཁུལ་ཡོངས་ཀྱི་ཆུ་ལོག་འགོག་པའི་ལས་ཀའི་གནས་བབ་ཛ་དྲག་ཡིན་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་གནས་བབ་ཏན་ཏིག་མཐོ་རུ་བཏང་ནས་ལས་ཀའི་འགན་འཁྲི་རིམ་པ་དང་པོ་དམ་ཟབ་བྱས་ཏེ། “ས་སྲུང་འགན་འཁྲི་ཡོད་པ་དང་། ས་སྲུང་ལ་འགན་འཁུར་བ། ས་སྲུང་འགན་འཁྲི་བསྒྲུབ་ནུས་པ”བཅས་ཀྱི་འགན་འཁུར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། ལུའོ་ཁྲའོ་ཧྥེང་གིས་ཏང་སྲིད་རིམ་པ་ཁག་གི་“འགོ་ཁྲིད་ཨང་དང་པོ་”ཡིས་ཐད་ཀར་དམ་འཛིན་དང་། ལས་ཀའི་འགན་འཁྲི་དམ་ཟབ་བྱེད་པ། ཆུ་ཚོད་24རིང་གི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། རྫོང་ཁག་(གྲོང་ཁྱེར)དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གི་མི་སྣའི་ལས་གནས་སུ་ཡོད་པའི་གནས་ཚུལ་རྒྱུན་ལྡན་རང་བཞིན་གྱི་བཀོད་གཏོང་བྱེད་པ། ལས་རེས་འགོ་ཁྲིད་ཀྱི་ཚབ་བྱེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་རེས་རྩིས་སྤྲོད་གོ་རིམ་ཚད་ལྡན་དུ་གཏོང་བ། ལྷག་པར་དུ་དུས་ཆེན་དང་གཟའ་མཇུག་སོགས་ཀྱི་དུས་མཚམས་སུ་ལས་གནས་ལས་བྲལ་དང་ལས་གནས་ཤོར་བ་གཏན་འགོག་བྱེད་པ། ལས་རེས་མི་སྣའི་འཕྲལ་སྡོམ་ཐག་གཅོད་ནུས་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་སྡོམ་དང་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་འཕྲལ་སྡོམ་ཐག་གཅོད་ཚད་ལྡན་དང་ནུས་ཆེའི་འགན་ལེན་བྱ་དགོས། ཁུལ་རིམ་པའི་བཀོད་འདོམས་པུའུ་ཡིས་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་སྔོན་གྱི་ཆུ་ལོག་སྔོན་འགོག་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་། གནམ་གཤིས་དང་། ཆུ་དོན། ནགས་ཚལ་དང་རྩྭ་སོགས་སྡེ་ཚན་གྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ། མཉམ་འབྲེལ་ལས་རེས་དང་ཕྱོགས་བསྡུས་གྲོས་མོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ལོག་སྔོན་དཔག་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་བ། “1262”ཉེན་ཟོན་ཉེན་བརྡ་འབོད་པའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་གསོག་འཇོག་བསྡུ་སྒྲིལ་མགྱོགས་སུ་གཏོང་བ་དང་། སྡེ་ཚན་གྱི་མཐུན་སྦྱོར་སྦྲེལ་མཐུད་བརྒྱུད་རིམ་ལེགས་སུ་གཏོང་བ། འཕྲལ་སྡོམ་ཐོན་ཁུངས་ནུས་ཆེའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས། ལས་བྱེད་པ་དང་མང་ཚོགས་ལ་རྒྱུན་གཏན་གྱི་ཆུ་ལོག་སྔོན་འགོག་དྲིལ་བསྒྲགས་སློབ་གསོའི་ཐད་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཏུ་བཏང་ནས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་གྱི་ནུས་ཤུགས་གཅིག་སྡུད་བྱས་ཏེ་གནོད་འགོག་གེགས་སེལ་གྱི་སྐུད་པ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་ཟབ་བྱེད་དགོས་པའི་ནན་བཤད་གནང་ཡོད།

     རང་ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་བརྟག་ཞིབ་ནང་ཞུགས་ཡོད།