རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན། བདེ་ཆེན་ཁུལ་གྱི་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་འཚོགས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཕེབས་པ་དང་འབྲེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕུང་ཧྲན་གྱིས་གཙོ་སྐྱོང་གནང་བ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཕེབས་པ།
སྔ་དྲོའི་ཆུ་ཚོད་9ཐོག་འགྲན་ཞུགས་འཐུས་མི་རུ་ཁག་ཁག་གིས་གཅིག་གྱུར་དང་གྲལ་འགྲིག་པའི་གྱོན་ཆས་གྱོན་ནས་བང་བསྒྲིགས་ཏེ་འགྲན་རར་འཛུལ་བ་དང་།མི་སྣ་ཡོངས་བརྗིད་ཉམས་ལྡན་པའི་ངང་ཡར་ལངས་ཏེ་ཐུན་མོང་ཐོག་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་བཏང་བ་རེད། ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མིས་སོ་སོར་དམ་བཅའ་བཞག་པ།
འགོ་ཚུགས་མཛད་སྒོའི་ཐོག་གསོ་རླུང་ལུས་སྦྱོང་ལུས་རྩལ་དང་མཉེན་རྩལ་སྤོ་ལོའི་ལུས་སྦྱོང་སོགས་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་འགྲེམས་འཁྲབ་དང་། དེ་བཞིན་ཁུལ་མི་རིགས་གླུ་གར་ཚོགས་པས་《ཏང་གི་གཟི་བརྗིད》དང་《སེམས་ཀྱི་གངས་རི》སོགས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་ཡུལ་དངོས་སུ་སྤྲོ་སྣང་རབ་ཏུ་ཆེ། དེ་རྗེས། ལག་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མ་དངོས་སུ་འགོ་ཚུགས་ཤིང་།ལུས་རྩལ་པ་རྣམས་མགྱོགས་མྱུར་ངང་འགྲན་ཞུགས་བྱས་པ་དང་།ཡུལ་དངོས་ཀྱི་ཟིལ་ཤུགས་དང་ངར་སྐད་གཉིས་གཅིག་འཇགས་གཅིག་ལངས་བྱུང་ཞིང་།སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མཚོན་ཡོད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས“བློ་རྩེ་གཅིག་ཏུ་བསྒྲིལ་ནས་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་སྐྱོད་ལམ་དུ་སྐྱོད།”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ལས་བཟོ་བར་ཁ་ཕྱོགས་ནས་གཉེར་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཆེ་གྲས་ཤིག་རེད།འགྲན་བསྡུར་དུས་ཡུན་ཉིན6་ཡིན་པ་དང་།ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ། རླུང་རླངས་ཕའེ་ཆིའུ་སྤོ་ལོ།ཕིང་ཕང་སྤོ་ལོ།བྱ་སྒྲོའི་སྤོ་ལོ་སོགས་རྣམ་གྲངས་ཆེ་གྲས་5་དང་རྣམ་གྲངས་ཆུང་གྲས་9་ཡོད།ཁུལ་ཡོངས་ཀྱི་ས་ཁུལ་ཁག་དང་།ལས་རིགས་ཁག སྡེ་ཚན་ཁག་བཅས་ནས་ཡོང་བའི་འཐུས་མིའི་རུ་ཁག་16དང་ལུས་རྩལ་པ་1300ལྷག་ཙམ་མཉམ་དུ་འགྲན་བསྡུར་བྱས་ཏེ“དེ་བས་མགྱོགས་པ་དང་།དེ་བས་མཐོ་བ།དེ་བས་སྟོབས་པ”བཅས་ཀྱི་ལུས་རྩལ་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་དུས་རབས་གསར་པའི་བདེ་ཆེན་གྱི་ལས་བྱེད་ལས་བཟོ་བའི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།
ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཡུང་ལི་ཡིས་ཤིས་ཚིག་གསུངས་པ།
འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད།ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན།དེ་བཞིན་ལུས་རྩལ་པ་དང་ཤན་འབྱེད་པ།རྩལ་འཁྲིད་པའི་འཐུས་མི་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།