རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་6ཚེས་25ཉིན་གྱི་སྔ་དྲོར། ཁུལ་སྲིད་གཞུང་གིས་ནགས་ཕག་མཚོའི་ཆུ་སྤུས་མཐོར་འདེགས་གཏོང་བའི་འགག་སྒྲོལ་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་བཀག་ལྟར་བཀོད་གཏོང་ལས་ཀའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གཙོ་གནད་ལས་འགན་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ། གནད་དོན་ཡོད་རིགས་དག་ཐེར་ཡོ་བསྲང་དམ་འཛིན་ནན་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ནགས་ཕག་མཚོའི་ཆུ་སྤུས་མཐོ་རུ་གཏོང་བའི་ལོ་འཁོར་གྱི་དམིགས་འབེན་ལས་འགན་དུས་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ནགས་ཕག་མཚོའི་ཆུ་སྤུས་མཐོར་འདེགས་གཏོང་རྒྱུ་ནི་ཀྲུང་དབྱང་དང་ཞིང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ལྟ་ཞིབ་སྐུལ་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ངེས་པར་དུ་སྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། མིག་སྔའི་ལས་དོན་དེ་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པས་རིམ་ཁག་སྡེ་ཚན་སོ་སོས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ལས་ཀའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་ཇི་མ་ཇི་བཞིན་ངང་དོན་འཁྱོལ་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་དང་སྡེ་ཚན་སོ་སོས་འགག་སྒྲོལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་དེ་ལས་ཀའི་རང་འགན་གཞན་དཀྲི་དང་འཕེལ་རིམ་འགོར་བའི་ཁ་གཡར་ས་ཞིག་ཏུ་མཐའ་གཅིག་ཏུ་དོར་དགོས། མཚེའུ་ནང་འཛུལ་བའི་ཆུ་ལམ་གྱི་ཆུའི་སྤུས་ཚད་དམིགས་སུ་བཀར་ནས་ཞན་དུ་འགྲོ་བ་དང་། མཚེའུ་ནང་འཛུལ་བའི་ཆུ་ལམ་གྱི་སྦགས་བཙོག་འབྱུང་ཁུངས་དང་བཙོག་འབུད་མདོ་ཁར་ཞིབ་བཤེར་དང་དུམ་དབྱེ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། ཁུངས་འདེད་དབྱེ་ཞིབ་དང་དུམ་མཚམས་དབྱེ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོ་གལ་ཆེ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་གྱི་སྦགས་བཙོག་གཙང་བཅོས་ལས་གྲྭའི་ཕན་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་། སྦུག་དྲ་ལ་མི་འདང་ས་དང་རྒྱབ་སྐྱོན་མི་ཤོར་བ། བཙོག་ཆུ་བསྡུ་རུབ་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་དཔྱད་དཔག་དང་བཙོག་ཆུ་གཙང་སེལ་བཟོ་གྲྭའི་སྐྱེལ་འདྲེན་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས་“བཅོས་སྐྱོང་ལ་དོ་དམ་མི་བྱེད་པ་དང་བསྡུ་ལེན་བྱས་རྗེས་སླར་ཡང་ཐད་ཀར་བཅོས་སྒྲིག་བྱེད་པར”གཏན་འགོག་བྱེད་དགོས། བཙོག་ཆུ་གཙང་གསིང་བཟོ་གྲྭ་གཉིས་པའི་སྨད་རྒྱུད་ཀྱི་མིས་བཟོས་འདམ་ར་གཙང་བཟོ་བྱེད་ནུས་བསྐྱར་གསོ་གང་མགྱོགས་བྱེད་དགོས། ཆུ་བོ་འབབ་རྒྱུད་ཀྱི་སྦགས་བཙོག་དོ་དམ་ཚོད་འཛིན་གྱི་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་། ཡུལ་སྐོར་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ཕྱུགས་རིགས་ཀྱི་ལུད་སྦགས་བཙོག་གཙང་སེལ་གྱི་“ཉིན་ལྟར་གཙང་སེལ་”དོན་འཁྱོལ། གཅིག་སྡུད་རྟ་རའི་བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་དང་ཡུལ་སྐོར་བྱ་ཡུལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་ཆུ་ཆེ་བའི་ལོ་ཏོག་འདེབས་འཛུགས་ལ་ཚོད་འཛིན་བྱས་ཏེ། ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཆུའི་འབབ་རྒྱུད་ནང་གི་སྦགས་བཙོག་བཅོས་སྐྱོང་བརྟན་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཆུ་གསབ་དུས་ཐུང་གི་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་པའི་དུས་མཚུངས་སུ། ཆུ་འགྲོའི་རྒྱུ་ལམ་དང་། མཚེའུ། ཆུ་ལམ་བཅས་གཙང་གཤོང་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གདོད་མའི་སྐྱེ་ཁམས་ཉམས་གསོ་ཚོད་ལྟ་འཚོལ་ཞིབ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། རིམ་པ་ཁག་དང་སྡེ་ཚན་སོ་སོས་ངེས་པར་དུ་གཙོ་གནད་ལས་འགན་གྱི་གསལ་ཐོ་དང་ལས་བགོས་ལ་ནན་པོར་གཞིགས་ནས་འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རང་འགུལ་ངང་བྱེད་པོའི་འགན་འཁྲི་བརྟན་པོར་ཁུར་ནས་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཁག་འགན་ཕར་དཀྲི་ཚུར་དཀྲི་བྱེད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ནགས་ཕག་མཚོའི་ཆུ་སྤུས་མཐོར་འདེགས་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ཁོངས་ཞུགས་ལས་ཁུངས་ཁག་གིས་ལས་དོན་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་རྗེས་སྙེག་ལྟ་སྐུལ་དང་དུས་བཀག་ལྟར་བཀོད་གཏོང་ལ་ཤུགས་སྣོན་རྒྱག་དགོས།
ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ལིན་ཧའོ། ལི་ཐའོ། ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས།