ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་རུའོ་ཧང་བཟོ་ལས་ཚོགས་པ་དང་ཏི་ཨའོ་ཀུང་སིའི་ཚོང་འགུགས་ལ་རྟོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
        ཟླ་6ཚེས་26ཉིན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོང་འགུགས་ཚོགས་ཆུང་གི་སྣེ་ཁྲིད་དེ་སྔ་རྗེས་སུ་སུའུ་ཀྲུའུ་ཧྥེ་ཤན་གྱི་བར་སྣང་ཚན་རྩལ་དང་དེ་བཞིན་རུའོ་ཧང་བཟོ་ལས་ཚོགས་པ(གཤམ་དུ་བསྡུས་མིང་ལ་རུའོ་ཧང་བཟོ་ལས་ཚོགས་པ་ཞེས་བརྗོད་རྒྱུ)དང་། སུའུ་ཀྲོའུ་ཡི་ཏི་ཨའོ་གློག་སྐས་ཚད་ཡོད་ཀུང་སི(གཤམ་དུ་ཏི་ཨའོ་ཀུང་སི་ཞེས་བརྗོད་རྒྱུ)བཅས་སུ་ཚོང་འགུགས་རྟོག་ཞིབ་བྱེད་པར་ཕེབས་པར་མ་ཟད། རུའོ་ཧང་བཟོ་ལས་ཚོགས་པའི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་ལུའི་ཡུང་། ཏི་ཨའོ་ཀུང་སིའི་ཏུང་ཧྲི་ཀྲང་པོ་ཁུན་ཧྥ་བཅས་དང་བཞུགས་མོལ་གནང་བ་རེད།
图片
        རུའོ་ཧང་བཟོ་ལས་ཚོགས་པ་རུ་ལུའོ་ཁྲའོ་ཧྥེང་དང་བཅས་པས་སུའུ་ཀྲུའུ་རུའོ་ཧང་ཐད་འཕུར་གནམ་གྲུའི་རྟེན་གཞིར་རྟོག་ཞིབ་གནང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་སུ་ཐད་འཕུར་གནམ་གྲུ་སྤྱོད་པའི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ལུའོ་ཁྲའོ་ཧྥེང་གིས་མིག་སྔར་མཁའ་དབྱིངས་དམའ་བའི་དཔལ་འབྱོར་དེ་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད། རུའོ་ཧང་བཟོ་ལས་ཚོགས་པས་བར་སྣང་དམའ་བའི་འཕུར་སྐྱོད་ཐོན་ལས་འཕེལ་རྒྱས་དང་། མཁའ་ལམ་ཇུས་འགོད། གཉེར་སྐྱོང་བྱེད་སྟངས་སོགས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བདེ་ཆེན་དུ་འབྱོར་ནས་ལག་གདང་སྦྲེལ་ཏེ་བར་སྣང་དམའ་བའི་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་གྱིས་བར་སྣང་དམའ་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ལུའེ་ཡུང་གིས་བདེ་ཆེན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་བར་སྣང་དམའ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། སེམས་ཀྱི་ཉི་ཟླ་ལྟེ་བར་བྱས་ཏེ་ཉེ་འཁོར་གྱི་གྲོང་ཁྱེར་མཉམ་འགུལ་བྱས་ཏེ་བར་སྣང་དམའ་བའི་འཕུར་སྐྱོད་དྲ་རྒྱ་བསྐྲུན་ནས་བར་སྣང་དམའ་བའི་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
图片
        ཏི་ཨའོ་ཀུང་སིའི་ལུའོ་ཁྲའོ་ཧྥེང་དང་བཅས་པས་སུའུ་ཀྲོའུ་ཏི་ཨའོ་གློག་སྐས་འགྲེམས་ཁང་དང་ཐོན་སྐྱེད་བཟོ་གྲྭའི་འཁོར་ཁང་སོགས་ལ་རྟོག་ཞིབ་གནང་བ་དང་དེ་རྗེས་ཕྱོགས་གཉིས་པོས་མཉམ་ལས་རྣམ་གྲངས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད། ལུའོ་ཁྲའོ་ཧྥེང་གིས་ཏི་ཨའོ་ཀུང་སི་དང་བདེ་ཆེན་ཡུལ་སྐོར་ཚོགས་པའི་མཉམ་ལས་རྣམ་གྲངས་ཀྱིས་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ་དང་ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་ཕྱིན་ནས་ཕྱོགས་གཉིས་པོར་མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་བརྩིས་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་པས་ཁེ་ལས་ཀྱིས་རང་ངོས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་དང་། ཀུང་སི་བདེ་ཆེན་དུ་ཡུལ་སྐོར་སྤྲོ་འཆམ་དང་མ་འཇོག་ལས་དར་བྱེད་པར་ལྷག་བསམ་རྣམ་དག་ངང་གདན་འདྲེན་ཞུས་ཡོད། བདེ་ཆེན་གྱིས“སྲིད་གཞུང་གིས་ཁེ་ལས་བསྒྱུར་བ་དང་ཁེ་ལས་ལ་བྱ་བ་ཡོད་ན་འཕྲལ་དུ་སྒྲུབ་པའི”ཞབས་ཞུའི་འདུ་ཤེས་བཟུང་ནས་རྒྱུ་རྐྱེན་གཙོ་བོ་འགན་ལེན་དང་དུས་འཁོར་ཧྲིལ་པོའི་རྗེས་སྙེག་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        པོ་ཁུན་ཧྥ་ཡིས་ཏི་ཨའོ་ཀུང་སིར་ཐོན་ལས་སྦྲེལ་ཐག་ཆ་ཚང་ཡོད་པ་དང་། ཕྱི་ཕྱོགས་ཚོང་དོན་ཁྲོམ་རའི་མཚོན་ཚུལ་མངོན་གསལ་དོད་པ་མ་ཟད། ཐོན་རྫས་རྒྱལ་ཁབ་མང་པོས་བདེན་དཔང་ར་སྤྲོད་བྱས་པ་དང་འབྲེལ་ཕྱི་རྒྱལ་གྱི་རྣམ་གྲངས་མང་པོར་སྤྱོད་ཀྱི་ཡོད། ཀུང་སིས་བདེ་ཆེན་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཁེ་ལས་ཀྱི་སྤྱི་ཚོགས་ཕན་འབྲས་འདོན་སྤེལ་ཧུར་ཐག་བྱེད་པ་དང་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཏེ་སྲིད་དང་ཁེ་ལས་གཉིས་ཁེ་ཡོང་བ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
        ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཧོང་ལུང་ཞིན། ཝན་ཏན་ཆིན་བཅས་ཞུགས་ཡོད་པ་རེད།