ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཀྲུང་གོ་ཚན་རིག་ཁང་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་དུ་རྟོག་ཞིབ་དང་སློབ་སྦྱོང་དུ་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片

        ཟླ་6པའི་ཚེས་25ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཀྲུང་གོ་ཚན་རིག་ཁང་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་དུ་རྟོག་ཞིབ་དང་སློབ་སྦྱོང་དུ་ཕེབས་ནས་ཚན་ཞིབ་ཚོགས་པ་དང་ཐཱན་མེད་སྤྱི་གླིང་བསྐྲུན་པ་དང་ནགས་ཕག་མཚོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཐད་བཞུགས་མོལ་གནང་བ།

        ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་ནི་རྒྱལ་ཡོངས་སུ“མཚེའུ་དང་འབབ་རྒྱུད”མ་ལག་ཞིབ་འཇུག་བྱ་ཡུལ་གཙོ་བོར་བྱེད་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཞིབ་འཇུག་སྒྲིག་གཞི་གཅིག་པུ་དེ་ཡིན་པ་དང་ས་མཐོའི་མཚེའུ་བཅོས་སྐྱོང་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ནགས་ཕག་མཚོ་ནི་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། ནགས་ཕག་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་ངེས་ཅན་ཐོབ་ནས་སྣོད་བཅུད་སྤུས་ཚད་རིམ་བཞིན་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་འབབ་རྒྱུད་བཅོས་སྐྱོང་ལ་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་གོའི་ཚན་རིག་ཁང་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་གི་ཆེད་ལས་ཚོགས་པ་དང་མཉམ་ལས་ཟབ་མོ་བྱས་ནས། མ་ལག་ཅན་དང་ཚན་རིག་ཅན་གྱི་ནགས་ཕག་མཚོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཇུས་གཞི་གཏན་འབེབས་བྱས། ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཆུ་འགོ་བཅོས་སྐྱོང་མཐོར་འདེགས་གཏོང་བ། ཕྱིའི་སྦགས་བཙོག་སྔོན་འགོག་ཚོད་འཛིན། ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་སོགས་ཐད་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་སྟེ། ནགས་ཕག་མཚོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་སྣོད་བཅུད་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་མཐོ་རུ་བཏང་སྟེ་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”གསེར་ཡིག་གི་སྒོ་བྱང་སྔར་བས་གསལ་པོ་ཕྱི་རྒྱུའི་རེ་བ་བཏོན། 

        ཀྲུང་གོ་ཚན་རིག་ཁང་ནན་ཅིན་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་གི་ཚན་ཞིབ་ཚོགས་པས་བདེ་ཆེན་ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་སྣོད་བཅུད་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ལྡན་པས་དེའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་དེ་སྣོད་བཅུད་དོ་སྙོམས་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ། ཡུན་ནན་ས་མཐོའི་མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་ཁྱབ་ཁོངས་སུ་ཞིབ་འཇུག་ཁང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། བདེ་ཆེན་ཁུལ་དང་མཉམ་ལས་གཏིང་ཟབ་བྱེད་ནས་བདེ་ཆེན་ཁུལ་གྱི་མཚེའུ་སྲུང་སྐྱོང་དང་།བཅོས་སྐྱོང་། འབབ་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་བཅས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དེ། བདེ་ཆེན་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད་ཅེས་བཤད་བྱུང་། 

图片
        ཉིན་དེར་ལུའོ་ཁྲའོ་ཧྥེང་དང་བཅས་པས་ད་དུང་ཀྲེན་ཅང་གྲོང་ཁྱེར་ཁྲེན་ཀྲོང་གྲོང་ཚོར་གྲོང་གསེབ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དཔེ་སྟོན་རྣམ་གྲངས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། ཁྲང་ཀྲོའུ་གྲོང་ཁྱེར་ཐེན་མུའུ་མཚེའུ་ཡི་འབབ་རྒྱུད་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་དང་ཐཱན་འདུས་ཉོ་ཚོང་ལས་སྟེགས་ཀྱི་མ་ལག་ལ་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས།
        ཁུལ་འགོ་ཁྲིད་ཁྲེན་ཆོན་དང་། ཧོང་ལུང་ཤིན། ཝན་ཏན་ཆིན་བཅས་རྟོག་ཞིབ་སློབ་སྦྱོང་དུ་ཞུགས། ཤར་ལྷོའི་སློབ་ཆེན་ཐཱན་སྙོམ་དང་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་། དབྱི་ཕུང་ལྕགས་ལམ་འགྲིམ་འགྲུལ་གསར་སྤེལ་(ཧྲང་ཧའེ)ཚད་ཡོད་ཀུང་སི། ཧྲང་ཧའེ་གྲོང་ཁྱེར་ཕུག་ལམ་ལས་གྲྭའི་ལྕགས་ལམ་འགྲིམ་འགྲུལ་ཇུས་འགོད་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་བཞུགས་མོལ་ཚོགས་འདུར་ཞུགས།