རྐང་པ་སྦངས་བའི་རྒྱུན་ཤེས་འདི་དག་ཤེས་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-30   རྩོམ་ཁུངས།    人民网藏文版

        དེ་རིང་། དབྱར་ཁར་རྐང་པ་སྦངས་པའི་དགེ་མཚན་ལ་མཉམ་དུ་རྒྱུས་ལོན་བྱ། ཁྱོད་ལ་རྐང་པ་སྦངས་པའི་བདེ་ཐང་གི་ཐབས་ཇུས་ཤིག་འབུལ། 


图片


        ཚ་བ་ཆེ་རུང་རྐང་པ་སྦངས་པ་རྒྱུན་འཁྱོངས་བྱས་ན། བརླན་སེལ་ཚ་སེལ་བྱེད་ཐུབ།

        དབྱར་དུས་ཀྱི་དགོང་མོར་རྐང་པ་སྦངས་ན་ཚ་བརླན་སེལ་ཐུབ་པ་དང་། ཚ་ཆམ་སྔོན་འགོག་བྱེད་ཐུབ་པས། ལུས་ཁམས་བདེ་ཞིང་ཟས་ཀྱི་ཡི་ག་ཕྱེ་ཐུབ།

        གཤམ་གསལ་རྐང་པ་སྦངས་པའི་བདེ་ཐང་གི་བྱེད་སྟངས་9ལ་གཟིགས། 

  • མ་ཉལ་གོང་རྐང་པ་ཆུར་སྦངས་བར་གཟུགས་གཞིར་བརྟག་དགོས། 

        མ་ཉལ་གོང་དུ་རྐང་པ་སྦངས་ན་གཉིད་ལེགས་པོ་ཡོང་ཐུབ་པའི་ངེས་པ་མེད། དཔེར་ན། མི་ལ་ལའི་ལུས་ཟུངས་ཞན་(རྐང་ཐང་དུ་འགྲོ་དུས་དབུགས་འཚང་བ།)པ་དང་། མེ་དྲོད་ཉམས(གྲང་ངར་ལ་འཇིགས་པ) པས།  རྐང་པ་སྦངས་རྗེས་མེ་དྲོད་ཕྱི་ལ་ཤོར་ནས། མཚན་མོར་ངར་ལངས་ཏེ་གཉིད་མི་ཁུག 

  • དུས་ཡུན་སྐར་མ་30ལས་བརྒལ་མི་རུང་། 

        སྤྱིར་བཏང་དུ་རྐང་པ་སྦངས་པའི་དུས་ཚོད་ནི་སྐར་མ་15ནས་30བར་ཡིན་ན་འགྲིག འཕར་རྩ་སྲ་འགྱུར་འགག་ནད་པ་དང་གཅིན་པ་མངར་འགྱུར་གྱི་ནད་པ་དང་། ལྷག་པར་དུ་རྐང་ལག་ལ་ཁྲག་འདོན་ཞན་པའི་ནད་པ་སོགས་ཀྱིས་སྐར་མ་20ཡི་ནང་དུ་ཚོད་འཛིན་བྱེད་དགོས།

  • རྔུལ་ཆུ་ཅུང་ཙམ་ཐོན་པ་ནས་ཆོག 

        མི་ལ་ལ་ཆུ་ཚ་པོ་ཡིས་རྐང་པ་སྦངས་པར་དགའ་ཏེ། ལུས་ཡོངས་ལ་རྔུལ་ཆུ་བཞུར་ན་ཧ་ཅང་སྐྱིད་པ་སྣང་། འོན་ཀྱང་རྔུལ་ཆུ་བཞུར་རྗེས། བ་སྤུའི་བུ་ག་ཕྱེ་བ་དང་ཆམ་ནད་ཕོག་སླ་བ་རེད། 

        རྐང་པ་སྦངས་པའི་ཆུའི་དྲོད་ཚད་མཐོ་དྲགས་ན་མི་བཟང་། དྲོད་ཚད་38℃~40℃བར་ཡིན་ན་འགྲིག ལུས་ཡོངས་ལ་ཚ་བ་བསྐྱེད་ནས་རྔུལ་ཆུ་ཅུང་ཙམ་ཐོན་པ་ཡག་ཤོས་ཡིན།

  • རྐང་པ་སྦངས་བའི་ཆུའི་མང་ཉུང་ལོང་ཚིགས་ཀྱི་མཚམས་ཡིན་དགོས། 

        རྐང་པ་བཀྲུ་བའི་ཆུ་ནི་རྐང་པའི་ལོང་ཚིགས་ནུབ་མཚམས་དང་ཡང་ན་དེ་ལས་མཐོ་ཙམ་ཡིན་པ་བླང་བྱ་ནན་པོ་མེད། འོན་ཀྱང་གལ་ཏེ་རྐང་པ་བཀྲུ་བའི་ཆུ་ཉུང་དྲགས་ན་ཆུ་མྱུར་དུ་གྲང་མོར་འགྱུར་བས། མུ་མཐུད་དུ་ཆུ་ཚ་པོ་སྣོན་དགོས།

  • ཁོག་སྟོང་དང་ཟ་མ་ཟོས་རྗེས་རྐང་པ་སྦངས་ན་མི་བཟང་། 

        རྐང་པ་སྦངས་ན་ཁྲག་རྒྱུན་གྱི་སྒུལ་ཤུགས་ཇེ་མགྱོགས་སུ་འགྲོ་བ་དང་། རྙིང་ཚབ་གསར་སྒྱུར་ཇེ་མགྱོགས་སུ་འགྲོ་སྲིད། ཁོག་སྟོང་ལ་རྐང་པ་སྦངས་ན་ཐང་ཆད་པ་དང་མགོ་ཡུ་འཁོར་བ། ཁྲག་མངར་དམའ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།

        ཟ་མ་ཟོས་མ་ཐག་ཏུ་འཇུ་བྱེད་མ་ལག་ཏུ་ཁྲག་འདུས་ནས་ཟས་རིགས་འཇུ་ལེན་བྱེད་རོགས་བྱེད་ཀྱི་ཡོད། སྐབས་དེར་རྐང་པ་སྦངས་ན་ལུས་སྨད་དུ་ཁྲག་བཞུར་ནས་ཕོ་བ་དང་རྒྱུ་མའི་སྒུལ་ཤུགས་ཉམས་པ་དང་། གསུས་སྦོས་པ་དང་གསུས་གཟེར་སོགས་འབྱུང་བས། ཟ་མ་ཟོས་རྗེས་ཉུང་མཐར་ཡང་ཆུ་ཚོད་གཅིག་གི་རྗེས་སུ་རྐང་པ་སྦངས་ན་བཟང་།

  • གཟུགས་པོ་མ་བཀྲུས་གོང་རྐང་པ་མ་སྦངས། 

        རྐང་པ་སྦངས་རྗེས། ལུས་ཡོངས་ཀྱི་བ་སྤུའི་བུ་ག་ཕྱེ་སྲིད། གལ་ཏེ་སྐབས་དེར་གྱོན་གོས་ཕུད་ནས་ཁྲུས་བྱས་ན་ཆམ་ནད་ཕོག་སླ་བ་རེད། ད་དུང་གཟུགས་པོ་བཀྲུ་བའི་ཆུའི་དྲོད་ཚད་ནི་རྒྱུན་པར་རྐང་པ་བཀྲུ་བའི་ཆུ་ལས་གྲང་བས། གྲང་རླུང་རྐང་པ་ནས་ལུས་པོའི་ནང་དུ་འཇུག་སྲིད།

  • རྐང་པ་སྦངས་རྗེས་མྱུར་དུ་ཕྱི་དགོས། 

        རྐང་པ་སྦངས་རྗེས་མྱུར་དུ་རས་སྐམ་པོས་ཕྱི་དགོས། དགོས་ངེས་ཀྱི་སྐབས་སུ་རྐང་པར་བྱུག་རྫས་བྱུག་དགོས། ལུས་ཟུངས་ཞན་པའམ་ཡང་ན་ནད་ཕོག་ཡོད་མཁན་གྱིས་ད་དུང་རྐང་འབོབ་གྱོན་ན་བཟང་།

  • ནད་ཁ་ཤས་ཀྱིས་རྐང་པ་སྦངས་མི་རུང་། 

        གལ་ཏེ་ནད་ནི་གྲང་ངར་གྱིས་བཟོས་པ་སྟེ། དཔེར་ན། གྲང་ངར་གྱི་ཆམ་ནད་དང་ཡང་ན་གྲང་ངར་གྱི་ཁྲག་འགག་པའི་དབང་གིས་ཟླ་མཚན་ཡོང་དུས་ན་ཟུག་བརྒྱབ་ཚེ། རྐང་པ་སྦངས་ན་ཕན་ཐོགས་ཡོད། གལ་ཏེ་ཟླ་མཚན་ཡོང་སྐབས་མི་བདེ་བ་མེད་ན། རྐང་པ་སྦངས་ན་ཁྲག་ཐོན་ཚད་ཇེ་མང་དུ་འགྲོ་སྲིད། གལ་ཏེ་སྙིང་གི་བྱེད་ལས་མི་བཟང་ཚེ། རྐང་པ་སྦངས་ན་སྙིང་ལ་གནོན་ཤུགས་སྟེར་ངེས།

  • རྩྭ་སྨན་གྱིས་རྐང་པ་སྦངས་ཚེ་སྨན་པའི་ཁ་ལ་ཉན་དགོས། 

        མི་ཀུན་གྱི་གཟུགས་གཞིར་ཁྱད་པར་ཡོད་པས། ཀྲུང་ལུགས་སྨན་རྫས་མི་འདྲ་བའི་སྨན་ནུས་ཀྱང་མི་འདྲ། སྨན་པའི་མཛུབ་སྟོན་འོག་རྩ་སྨན་བཀོལ་སྤྱོད་བྱེད་པ་ལས། གང་བྱུང་དུ་བཀོལ་སྤྱོད་བྱེད་མི་རུང་།