རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཡོད་པའི་བདེ་ཆེན་ས་མཐོར་མི་རིགས་སློབ་གསོའི་རེ་བ་མཚོན་པའི་སློབ་གྲྭའི་ནང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ཆ་སྒྲིག་གཏམ་རྒྱུད་ཅིག་འཁྲབ་སྟོན་བྱས་ཡོད།
ཆ་སྒྲིག་རོགས་ཁྲིད་ཀྱིས་སློབ་ཁྲིད་ལ་རོགས་རམ་བྱས་ཏེ་ལག་གདང་སྦྲེལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དུ་ཏང་ཡོན་དགེ་རྒན་གྱིས་སློབ་ཚན་གྲོལ་རྗེས་ཟུར་ཁྲིད་བྱེད་པ་དེ་སློབ་མ་ཚོས་རེ་སྒུག་བྱེད་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད། གཟའ་འཁོར་རེར་ཉིན་གསུམ་གཏན་འཁེལ་བྱས་ཚེ་དགེ་རྒན་ཚོས་དུས་ཐོག་ཏུ་སྤྲོ་སྣང་ལྡན་པའི་ཟུར་ཁྲིད་བྱེད་བཞིན་ཡོད།
དེ་སྔ་སློབ་སྦྱོང་བྱེད་འདོད་མེད་པའི་བློ་བཟང་སྒྲོལ་མས་ཆ་སྒྲིག་ཏང་ཡོན་དགེ་རྒན་གྱི་གསར་གཏོད་སློབ་ཁྲིད་འོག་སློབ་སྦྱོང་གི་རྣམ་འགྱུར་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཁོས“དེ་སྔོན་རྩིས་རིག་གི་འདྲི་གཞི་མཐོང་སྐབས་ཡིབ་ནས་བསྡད་པས་དགེ་རྒན་གྱིས་རྩིས་རིག་དེ་དགོད་བྲོ་བའི་གཏམ་རྒྱུད་ཅིག་ཏུ་གྱུར་ཡོད། ད་ཆ་ངའི་རྩིས་རིག་གི་སྦྱངས་འབྲས་མཐོ་རུ་ཕྱིན་སོང་ཞེས་ཟེར་བྱུང་།
ཁྱིམ་ཚང་དང་སློབ་གྲྭའི་དབར་འབྲེལ་གཏུག་གི་ཐབས་ལམ་ཤར་གཏོང་ཐུབ་ནས་མི་གསོ་སྐྱོང་གི་འབྲེལ་ཟམ་ཐུན་མོང་ཐོག་བཏོད་པ།
“དྲ་ཐོག+དངོས་ཚན”ལངས་གཟུགས་ཀྱི་འབྲེལ་གཏུག་དྲ་རྒྱ་བཙུགས། ཟླ་རེར་ཉུང་མཐར་ཡང་དྲ་ཐོག་ནས་ཁྱིམ་དུ་འཚམས་འདྲི་ཐེངས་གཉིས་བྱས་ཏེ་ཁྱིམ་བདག་དང“ངོ་ཐུག་གདོང་གཏུག”བྱས་ནས་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྤེལ་རེས་བྱེད། སློབ་གྲོགས་ཞའོ་ཆི་ཆི་ཡི་བོད་ཡིག་སྦྱངས་འབྲས་དེ་ཙམ་ཡག་པོ་མེད་པ་དང་བོད་ཡིག་དགེ་རྒན་བློ་བཟང་ལྷ་མོས་དྲ་ཐོག་ནས་ཁོང་གི་སློབ་སྦྱོང་བྱེད་ཐབས་ནུས་ལྡན་མེད་པའི་རྐྱེན་གྱིས་སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་རྗེས་ཁྱིམ་བདག་དང་མཉམ་དུ་ཟུར་ཁྲིད་འཆར་གཞི་བཟོས་ཏེ་སློབ་གསེང་གི་དུས་ཚོད་སྤྱད་དེ་ཞའོ་ཆི་ཆི་ལ་དམིགས་སའི་རང་བཞིན་ལྡན་པའི་ཟུར་ཁྲིད་བྱས་ན། ཞའོ་ཆི་ཆི་ཡི་བོད་ཡིག་སྦྱངས་འབྲས་རིམ་བཞིན་མཐོ་རུ་ཕྱིན་ནས་ཐོག་མའི་རྒྱུགས་འཕྲོད་མཐར་ལུས་ནས་འཛིན་གྲྭའི་དཀྱིལ་གྱི་ཆུ་ཚད་དུ་སླེབས།
ཚོགས་པས་མཉམ་འགུལ་གྱིས་གཅིག་རྒྱུན་གཅིག་འཛིན་བྱས་ནས་རིག་གནས་ཀྱིས་མྱུ་གུ་གསོ་སྐྱོང་བྱེད་པ།
ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་སློབ་གྲྭས་པི་ཝང་དང་བོད་ཡིག་ཡིག་གཟུགས་སོགས་ཁྱད་ལྡན་ཚོགས་པ་བཙུགས་ཏེ་ཏང་ཡོན་དགེ་རྒན་གྱིས་ཁྲིད་སྟོན་བྱེད་ཀྱི་ཡོད། ཏང་ཡོན་དགེ་རྒན་ཚོས་ཆེད་ལས་དང་སྤྲོ་སེམས་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་གྱི་འབྲེལ་ཟམ་བཙུགས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དཔེ་ཆའི་ནང་གི་འགུལ་མེད་རྣམ་པའི་མཚོན་རྟགས་ཤིག་མིན་པར་སློབ་མ་རྣམས་ཀྱིས་རེག་ཐུབ་པ་དང་ལག་ལེན་བྱེད་ཐུབ་པའི་འཚར་ལོངས་ཀྱི་འཚོ་བཅུད་ཅིག་ཏུ་གྱུར་ཡོད་པ་རེད།