རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-25   རྩོམ་ཁུངས།    青海藏文科技报
ཕོ་བའི་འབྲས་སྐྲན་ལ་མཚོན་ན། ཇི་ལྟར་སྔ་མོ་ནས་ཤེས་རྟོགས་དང་སྔོན་འགོག གསོ་བཅོས་བཅས་བྱ་རྒྱུ་ནི་ཀུན་གྱིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཞིག་ཡིན། ཕོ་བའི་འབྲས་སྐྲན་གྱི་ཉེན་ཆེའི་མི་ཚོགས་ལ་ཚགས་བཤེར་བྱ་རྒྱུ་ནི་ཕོ་བའི་འབྲས་སྐྲན་སྔ་མོ་ནས་ཤེས་རྟོགས་དང་སྔོན་འགོག གསོ་བཅོས་བཅས་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་དེ་ཡིན།
ཐད་ཀར་ཕོ་བའི་འབྲས་སྐྲན་གྱི་ཉེན་ཆེའི་མི་ཚོགས་ལ་ཕོ་བའི་ནང་དུ་ཤེལ་མིག་དྲངས་ཏེ་ཚགས་བཤེར་བྱེད་པ་ལས་གཞན། ཁྲག་དྭངས་བཤེར་འཇལ་བརྒྱུད་ཕོ་བའི་བྱེད་ནུས་ལ་བརྟག་པ་དང་ལུས་ནང་དུ་འབྲས་སྐྲན་མཚོན་བྱེད་ཀྱི་དངོས་རྫས་ཡོད་མེད་བརྟག་པ་སོགས་ནང་འཛུལ་མ་ཡིན་པའི་བརྟག་དཔྱད་བྱེད་ཐབས་སྤྱད་དེ། ཕོ་བའི་འབྲས་སྐྲན་གྱི་ཉེན་ཆེའི་མི་ཚོགས་ཚགས་འདེམ་བྱས་རྗེས། དམིགས་ཡུལ་ཡོད་པའི་སྒོ་ནས་ཕོ་བའི་ནང་དུ་ཤེལ་མིག་དྲངས་ཏེ་བརྟག་དཔྱད་བྱས་ཀྱང་ཆོག
གཅིག ཉེན་ཆེའི་མི་ཚོགས་ཀྱིས་སྔ་མོ་ནས་ཕོ་བའི་འབྲས་སྐྲན་ཚགས་བཤེར་བྱ་དགོས།
གཤམ་གྱི་དོན་ཚན1པོ་དང་དོན་ཚན2པ་ནས6པའི་ནང་གི་གཅིག་ཡོད་ན། ཚང་མ་ཕོ་བའི་འབྲས་སྐྲན་གྱི་ཉེན་ཆེའི་མི་ཚོགས་ལ་གཏོགས་པས། སྔ་མོ་ནས་ཚགས་བཤེར་བྱ་འོས།
1.ལོ་ཚོད≥40ཡིན་པ་དང་། ཕོ་མོར་ཁྱད་པར་མེད་པ།
2.ཕོ་བའི་འབྲས་སྐྲན་འབྱུང་ཚད་མཐོ་བའི་ས་ཁུལ་གྱི་མི་ཚོགས།
3.ཚགས་སྒོ་དུང་འཁྱིལ་ནར་སྲིན་འགོས་ཡོད་པ།
4.སྔོན་ཆད་དལ་གཤིས་ཕོ་འཁུམ་གཉན་ཚད་དང་ཕོ་བའི་ནང་རལ་བ། ཕོ་བའི་ནང་དུ་ཤ་ལུ་ཡོད་པ། ཕོ་བར་གཤགས་བཅོས་བྱས་མྱོང་བ། ངན་གཤིས་ཟུངས་ཁྲག་ཉམས་པ་སོགས་ཕོ་བའི་འབྲས་སྐྲན་གྱི་སྔ་ཚན་ནད་ཡོད་པ།
5.ཕ་མ་དང་བུ་བུ་མོ། ཕུ་ནུ་མིང་སྲིང་སོགས་རིམ་པ་དང་པོའི་གཉེན་ཉེའི་ཁྲོད་ཕོ་བའི་འབྲས་སྐྲན་བྱུང་མྱོང་མཁན་ཡོད་པ།
6.ཕོ་བའི་འབྲས་སྐྲན་འབྱུང་ཉེན་ཆེ་བའི་རྒྱུ་རྐྱེན་གཞན་རིགས་ཡོད་པ། (ཚྭ་མང་བའི་བཟའ་བཏུང་སྤྱོད་པ་དང་རྒྱུན་པར་བསྙལ་ཟས་ཟ་བ། དུ་བ་འཐེན་པ། ཆང་འཐུང་ཚད་མང་བ)
གཉིས། རྒྱུན་ལྡན་མིན་པའི་གནད་དོན་བྱུང་ཚེ་སྔ་མོ་ནས་སྨན་བཅོས་བྱ་དགོས།
ཕོ་བའི་འབྲས་སྐྲན་ལ་སྔ་དུས་སུ་ནད་རྟགས་ཁྱད་པར་བ་གང་ཡང་མེད་པས། ནད་པས་མཉམ་འཇོག་མ་བྱས་ཚེ་ཆེས་ལེགས་པའི་གསོ་བཅོས་དུས་ཚོད་ཡོལ་སླ་བ་ཡིན། དེ་བས། གཤམ་གྱི་ནད་རྟགས་འདི་དག་ཡོད་མཁན་གྱིས་དོགས་ཟོན་བླ་ལྷག་བྱ་དགོས།
1.ཕོ་བར་མི་བདེ་བ་བྱུང་སྟེ་དྲག་སྐྱེད་མེད་པའམ་ཡང་ན་ཆོས་ཉིད་མེད་པར་ཕོ་བ་ན་བ། གལ་ཏེ་ན་ལུགས་ལ་འགྱུར་ལྡོག་བྱུང་ཚེ། དེ་བས་ཀྱང་དོགས་ཟོན་བླ་ལྷག་བྱ་དགོས།
2.དུས་ཡུན་ཐུང་ངུའི་ནང་ལ་ལུས་པོའི་ལྗིད་ཚད་མར་ཆག་པ།
3.རྒྱུ་རྐྱེན་མེད་པར་བཤང་བ་ནག་པོར་འགྱུར་བ་དང་། དུས་མཚུངས་སུ་ཤུགས་ཟད་པ་དང་ཞེན་ཁ་ལོག་པ། སྐྱུག་པ་སོགས་ཀྱི་ནད་རྟགས་ཡོད་མེད་ལ་བརྟག་དགོས།
ཉིན་རྒྱུན་གྱི་འཚོ་བའི་ཁྲོད། ཚང་མས་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཆགས་སུ་བཅུག་སྟེ། འཚོ་བཅུདCའཛོམས་པའི་སིལ་ཏོག་དང་སྔོ་ཚལ་གསར་བ། ཤ་རིགས། སྲན་བཟོས་བཟའ་བཅའ། འོ་བཟོས་བཟའ་བཅའ་སོགས་མང་དུ་བཟའ་དགོས་པ་དང་། ཚྭ་མང་བའི་བཟའ་བཏུང་ལ་འཛེམ་པ་དང་བསྙལ་ཟས་དང་བསྲེགས་ཟས་རིགས་ཟ་བ་ཇེ་ཉུང་དུ་གཏོང་བ། རླམ་འགྱུར་བྱུང་བའི་ཟས་རིགས་མི་ཟ་བ་བཅས་བྱ་དགོས།