རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-16   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།
དབྱར་ཁ་ནི་ཆུ་ཀུབ་མང་བའི་དུས་ཚིགས་ཤིག་ཡིན་ལ། ཚ་བ་ཆེ་བའི་དབྱར་གཞུང་ལ་མི་མང་པོ་ཞིག་ཆུ་ཀུབ་བཟའ་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་ཆུ་ཀུབ་ཟ་དུས་འདིའི་རིགས་ལ་གཟབ་གཟབ་མ་བྱས་ན་ཟས་དུག་ཕོག་ཉེན་ཡོད།
༡ ཆུ་ཀུབ་གསར་པ་ཉོ་བ།
ཆུ་ཀུབ་ཉོ་དུས་གསར་པ་ཉོས་ན་ལེགས། ཆུ་ཀུབ་ཉར་ཚགས་ཇི་འདྲ་བྱས་ཡོད་པ་མ་ཤེས་པའི་སྐབས་སུ་གཏུབ་ཚར་བའི་ཆུ་ཀུབ་མ་ཉོས་ན་ལེགས། གཏུབས་རྗེས་ཆུ་ཀུབ་ཟོས་མ་ཚར་ན་ཐད་ཀར་སོ་ཉར་ཁུག་མའི་ནང་བཅུག་ནས་འཁྱག་སྒམ་ནང་དུ་གྲང་ཉར་བྱ་དགོས།
༢ ཆུ་ཀུབ་གཏུབ་པའི་ཡོ་བྱད་གཙང་མ་ཡིན་དགོས།
ཤ་གཏུབ་བྱེད་ཀྱི་གྲི་དང་སིལ་ཏོག་གཏུབ་བྱེད་ཀྱི་གྲི་ཁ་ཁ་ཕྱེས་ནས་སྤྱད་ན་ལེགས། ཆུ་ཀུབ་མ་གཏུབ་གོང་གྲི་ཆུ་ཚན་གྱིས་བཤལ་བཤལ་བཏང་བ་དང་། གྲི་དང་གཙབ་གདན་གཉིས་པོ་ཕྲ་སྲིན་གྱིས་སྦགས་བཙོག་མི་ཆགས་པ་བྱ་དགོས།
༣ དུས་ཡུན་རིང་པོ་འཇོག་མི་རུང་།
དྲོ་གྲང་སྙོམས་པོ་ཡིན་དུས་ཉར་ཚགས་བྱ་ཡུན་ཆུ་ཚོད་བཞི་ལས་བརྒལ་མི་རུང་ལ། དྲོད་ཚད་ཅུང་མཐོ་ས་ནས་ཉར་ཚགས་བྱ་ཡུན་ཆུ་ཚོད་གཉིས་ལ་བརྒལ་མི་རུང་། གྲང་ཉར་བྱས་ན་ཆུ་ཚོད་བཅུ་གཉིས་སམ་ཉིན་མཚན་གཅིག་ལས་བརྒལ་མི་རུང་།
༤ ཞག་ལོན་ཆུ་ཀུབ་ཀྱི་གཏུབ་ངོས་བཟའ་མི་རུང་།
ཞག་གཅིག་ལོན་པའི་ཆུ་ཀུབ་ཀྱི་གཏུབ་ངོས་ཕྲ་སྲིན་གྱིས་སྦགས་བཙོག་དང་རུལ་བ་ཆགས་ཉེན་ཡོད་པས་ཆུ་ཀུབ་ཀྱི་གཏུབ་ངོས་མ་ཟོས་ན་ལེགས། གལ་ཏེ་ཆུ་ཀུབ་ཀྱི་མདོག་དང་བྲོ་བ་འགྱུར་ཡོད་ན་བཟའ་མི་རུང་། མདོག་དང་རུལ་བར་གྱུར་པའི་ཆུ་ཀུབ་ཟོས་ན་ཟས་དུག་ཕོག་ཉེན་ཡོད།