ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་ཡིག་རྒྱུགས་སྒྲིག་འཛུགས་ལས་དོན་ལ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཟླ་6པའི་ཚེས་3ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་ཡིག་རྒྱུགས་ལས་དོན་ལ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རྒྱུགས་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེན་པོ་དང་ལས་འགན་སྒྲུབ་སེམས་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གྲ་སྒྲིག་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས། ཁུལ་ཡོངས་ཀྱི་མཐོ་རྒྱུགས་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བཅས་བྱས་ཏེ་རྒྱུགས་སྤྲོད་སློབ་མ་བློ་ཡིད་ཚིམ་པོ་དང་ཁྱིམ་བདག་བློ་བདེ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་།
        བདེ་ཆེན་ཁུལ་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་རྒྱུགས་དོན་བཀོད་འདོམས་ལྟེ་གནས་སུ་ལུའོ་ཁྲའོ་ཧྥེང་གིས་རྒྱུགས་དོན་གྲ་སྒྲིག་དང་། བདེ་སྲུང་བརྟན་སྲུང་། གསང་སྲུང་ལས་དོན། སྒྲིག་ཆས་དང་སྒྲིག་བཀོད་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དུ་རྒྱུགས་སྤྲོད་སློབ་མའི་རྒྱུགས་ལེན་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་ས་གནས་ས་ཐོག་ཏུ་རྒྱུགས་རའི་སྒྲིག་བཀོད་དང་བདེ་འཇགས་དོགས་ཟོན་སོགས་ཀྱི་ལས་དོན་ལ་ལྟ་ཞིབ་གནང་བ་མ་ཟད། རྒྱུགས་ཤོག་ཉར་ཚགས་དང་། རྒྱབ་ཕྱོགས་ཞབས་འདེགས། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ།

        ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ལ་ཁྱིམ་ཚང་ཁྲི་སྟོང་གི་རེ་སྒུག་དང་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་ཕུགས་འདུན་འཁུར་ཡོད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་དོན་ཆེན་ཞིག་རེད། ད་ལོ་ནི་རང་ཞིང་ཆེན་གྱི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན་པས་མཐོ་རྒྱུགས་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་མཐོ་རྒྱུགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ས་སྲུང་འགན་སྒྲུབ་ཀྱི་འགན་འཁྲི་འཁུར་ནས་མཐོ་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། རྒྱུགས་དོན་མི་སྣ་ལེགས་འདེམས་དང་གསོ་སྦྱོང་དམ་འཛིན་ཏན་ཏིག་བྱས་ཏེ་མཐོ་རྒྱུགས་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འགན་ལེན་བྱེད་དགོས། སྒྱུར་བཅོས་སྲིད་ཇུས་ཀྱི་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་འགྲེལ་བཤད་ལ་ཤུགས་སྣོན་བརྒྱབ་ནས་མཐོ་རྒྱུགས་ཀྱི་སྒྱུར་བཅོས་བརྟན་པོའི་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་།
        ལུའོ་ཁྲའོ་ཧྥེང་གིས་ཁུལ་སློབ་བསྡུའི་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱིས་མཉམ་དུ་ཡིག་རྒྱུགས་ཀྱི་ཁོར་ཡུག་བཅོས་སྒྲིག་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆ་ལ་དམིགས་པ་དང་། འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། གཙོ་གནད་ལམ་རྒྱུད་དང་གཙོ་གནད་ས་ཁོངས་ཀྱི་འགྲིམ་འགྲུལ་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་ལམ་བཤངས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུགས་ལེན་སྲུང་སྐྱེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུགས་རའི་མཐའ་སྐོར་གྱི་འཛེར་སྒྲའི་གནོད་སྐྱོན་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱས་ཏེ་རྒྱུགས་ལེན་ཁོར་ཡུག་ལེགས་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཟས་རིགས་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཟས་རིགས་ཉེན་མེད་གཙང་སྦྲ་དང་། འཚོ་བཅུད་དོ་སྙོམས་བཅས་ཡོང་བར་འགན་ལེན་བྱེད་དགོས། རྒྱུགས་སྤྲོད་སློབ་མའི་སེམས་ཁམས་གསོ་སྐྱོང་དང་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུགས་སྤྲོད་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་སྟེ། རྒྱུགས་སྤྲོད་སློབ་མས་སེམས་ཁམས་བཟང་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་རྒྱུགས་ལེན་དུ་འཇུག་དགོས། རྒྱུགས་ཤོག་གི་བདེ་འཇགས་གསང་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ། རྒྱུགས་ལེན་གྱི་སྒྲིག་ལམ་སྲུང་སྐྱོང་དང་། རྒྱུགས་ལེན་དྲང་གཞག་གི་གཞི་ཐིག་བརྟན་པོར་སྲུང་དགོས་ཀྱི་ནན་བཤད་གནང་།
        ཁྲིན་ཆོན་དང་ཡུས་ཀུའེ་ཧྥུན་བརྟག་ཞིབ་ཏུ་ཕེབས།