རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-20   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།
ཞོགས་པ་གཉིད་ལས་སད་རྗེས་ཀྱི་དུས་ཚོད་དེ་ནི་ལུས་པོ་གསོ་བའི་དུས་ཚོད་ཡག་ཤོས་ཤིག་རེད།འོན་ཀྱང་ཡར་ལངས་རྗེས་ཀྱི་གོམས་གཤིས་དེ་གསུམ་མ་དོར་ན་གཟུགས་པོར་གནོད་པ་ཆེན་པོ་ཡོད།
01
དང་པོ། ཧོབ་སྟེ་ཡར་ལངས་བ།
གཉིད་ལ་ཡུར་བའི་སྐབས་ཀླད་པའི་སྐྱི་མོ་གཉིད་ལ་ཡུར་ཞིང་། ལུས་ཁམས་ཀྱི་བྱེད་ནུས་ཁག་ཀྱང་འཁོར་སྐྱོད་དལ་བའི་སྐབས་ཡིན་པས། རྙིགས་དོར་གསར་བརྗེས་འགོར་བ་དང་། སྙིང་ཁ་འཕར་ཤུགས་ཆུང་བ། ཁྲག་ཤེད་དམའ་རུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། གཉིད་ལས་སད་མ་ཐག་ད་དུང་གཉིད་ལ་ཡུར་བའི་སྐབས་ཀྱི་གོང་གསལ་ཁྱད་ཆོས་དེ་དག་ཡོད་པས། ཧོབ་སྟེ་ལངས་ན་ཀླད་པར་ཁྲག་མཁོ་འདོན་མི་འདང་བར་གྲིབ་ནད་ཕོག་པ་དང་གློ་བུར་དུ་ཚེ་ལས་འདས་པ་སོགས་ཀྱི་ཉེན་ཁ་ཡོད།
ཡང་དག་པའི་བྱེད་ཐབས། གཉིད་ལས་སད་མ་ཐག་མིག་གདངས་ནས་ཉལ་ཁྲིའི་ཐོག་སྐར་ཆ་30ཙམ་སྡོད་དགོས་པ་དང་། དེ་ནས་ཡར་ལངས་རྗེས་ཡང་སྐར་ཆ་30ཙམ་སྡོད་དགོས་པ། ཉལ་ཁྲིའི་ཟུར་དུ་སྐར་ཆ་30ཙམ་སྡོད་པ་བཅས་བྱས་རྗེས་གཞི་ནས་ཉལ་ཁྲི་ལས་འབབ་དགོས།
02
གཉིས་པ། ཡར་ལངས་རྗེས་སྦྲང་རྩི་བླུགས་པའི་ཆུ་དང་ཚྭ་ཆུ་འཐུང་བ།
མི་ཁག་ཅིག་ཞོགས་པ་ཡར་ལངས་རྗེས་སྦྲང་རྩི་བླུགས་པའི་ཆུ་དང་ཚྭ་ཆུ་འཐུང་རྒྱུར་དགའ་པོ་ཡོད། དོན་དངོས་ཐོག་བྱེད་སྟངས་དེ་རིགས་ནི་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་རེད། ཡར་ལངས་མ་ཐག་ཚྭ་ཆུ་བཏུངས་ན་ཉིན་གཅིག་རིང་གཟུགས་པོར་མཁོ་བའི་ཚྭའི་སྤྱི་འབོར་མང་དྲགས་ནས་རུས་པ་སོབ་སོབ་ཆགས་པ་དང་ཁྲག་ཤེད་རྒྱས་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད། ད་དུང་། སྦྲང་རྩིའི་གྲུབ་ཆ་བརྒྱ་ཆ་བདུན་ཅུ་ཡན་ནི་མངར་ཆ་ཡིན་པས། ཡར་ལངས་མ་ཐག་སྦྲང་རྩི་བླུགས་པའི་ཆུ་བཏུངས་ན་གཟུགས་པོའི་ནང་གི་ཁྲག་མངར་གར་ཚད་མཐོ་རུ་འགྲོ་བ་དང་། གཅིན་པ་མངར་འགྱུར་གྱི་ནད་པར་ཤིན་ཏུ་གནོད་པོ་ཡོད།
ཡང་དག་པའི་བྱེད་ཐབས། ཆུ་འཁོལ་ནི་གདམ་ག་ཡག་ཤོས་ཤིག་ཡིན་པ་དང་། རབ་བྱུང་ན་ཆུ་འཁོལ་གྱི་དྲོད་ཚད་དེ་ཧྲ་ཧྲེ་ཏུའུ་20ནས་40བར་ཚོད་འཛིན་བྱེད་དགོས། གལ་ཏེ་ཆུ་འཁོལ་ཚ་དྲགས་ན་རྒྱུ་མའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།
03
གསུམ་པ། ཞོགས་ཟས་དུས་ཐོག་ལ་མི་མཆོད་པ།
ལས་ཀར་འགྲོ་མཁན་དང་སློབ་གྲྭར་འགྲོ་མཁན་མི་ཚོགས་ངོས་ནས་བརྗོད་ན། ཞོགས་པ་བྲེལ་བ་ཆེ་བས། མི་ལ་ལས་གཉིད་སྐར་མ་ཁ་ཤས་མང་ཙམ་ཉལ་རྒྱུའི་ཆེད་དུ་ཞོགས་ཟས་མཆོད་ཀྱི་མེད། བྱེད་སྟངས་དེ་རིགས་ཀྱིས་ཕོ་བའི་ནད་ཕོག་པ་དང་མཁྲིས་རྡོ་ཆགས་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་ལ། ད་དུང་ཤ་རྒྱགས་པ་ཆགས་པ་དང་ཤེས་ནུས་ཉམས་པ་སོགས་ཀྱང་འབྱུང་སྲིད།
སྤྱི་ལོ་2023ལོར༼རང་བྱུང་། འཕྲིན་གཏོང་༽ཞེས་པའི་དུས་དེབ་ཐོག་བཀོད་པའི་ཞིབ་འཇུག་ཅིག་ནང་། ཞོགས་པའི་ཆུ་ཚོད་བརྒྱད་པའི་གོང་ལ་ཞོགས་ཟས་མཆོད་པ་དང་དགོང་མོའི་ཆུ་ཚོད་བརྒྱད་པའི་གོང་དུ་དགོང་ཟས་མཆོད་ན། སྙིང་ཁམས་ཁྲག་རྩའི་ནད་གཞི་སྔོན་འགོག་ཐུབ་པའི་ཕན་ཡོན་ལྡན་པ་ཤེས་རྟོགས་བྱུང་ཡོད།
གཞན་ཡང་། སྤྱི་ལོ་2023ལོར༼རྒྱལ་སྤྱིའི་ནད་ཡམས་རིག་པའི་དུས་དེབ༽ཅེས་པའི་ཐོག་སྤེལ་བའི་ཞིབ་འཇུག་བྱས་འབྲས་ཤིག་ལས། ཞོགས་པའི་ཆུ་ཚོད་བརྒྱད་པའི་གོང་ལ་ཞོགས་ཟས་མཆོད་པའི་གོམས་གཤིས་ཡོད་མཁན་དང་ཆུ་ཚོད་དགུ་པའི་རྗེས་སུ་ཞོགས་ཟས་མཆོན་མཁན་བར་བསྡུར་བ་བྱེད་དུས། ཆུ་ཚོད་དགུ་པའི་རྗེས་སུ་ཞོགས་ཟས་མཆོད་མཁན་ལ་གཅིན་པ་མངར་འགྱུར་གྱི་ནད་གཞི་ཕོག་སྲིད་ཚད་བརྒྱ་ཆ་59ཡིས་མཐོ་བ་ཡོད་པ་རེད།
ཡང་དག་པའི་བྱེད་ཐབས། ཞོགས་པའི་ཆུ་ཚོད་བདུན་པ་ནས་བརྒྱད་པའི་བར་ལ་ངེས་པར་དུ་ཞོགས་ཟས་མཆོད་དགོས།