རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་13ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ས་དམ་ཡུས་ལུང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུ་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཧོ་ཞན་ཀྲུང་དང་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་ཀྱིས་ཤམ་བྷ་ལ་ཟླ་འོད་གྲོང་གི་འཛུགས་སྐྲུན་དང་། སེམས་ཀྱི་ཉི་ཟླ་ཤ་ཁ་རི་བོ་ལྗོངས་ཁུལ་མཐོར་འདེགས་སོགས་འབྲེལ་ཡོད་རྣམ་གྲངས་ཀྱི་མཉམ་ལས་ཐད་སྤེལ་རེས་གཏིང་ཟབ་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་ས་དམ་ཡུས་ལུང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཉེ་བའི་ལོ་འགའི་རིང་། ཀུང་སིས་བདེ་ཆེན་དུ་མ་འཇོག་བྱས་ནས་རྩེར་སོན་མགྲོན་ཁང་འཕེལ་རྒྱས་གཏོང་བ་དང་ཚོང་པས་ཚོང་འགུགས་བྱས་ཏེ་མཛེས་ལྗོངས་ཁུལ་གསར་སྤེལ་ལ་ཐབས་ཇུས་བཏོན་ནས་རང་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་གལ་ཆེན་བཏོན་ཡོད་ལ། ཀུང་སི་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་རྒྱུའི་རེ་བ་ཡོད་པ་དང་།མིག་སྔའི་མཉམ་ལས་རྣམ་གྲངས་ཐད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལས་དོན་ཆེད་སྒྲུབ་ཚོ་ཆུང་བཙུགས་ནས་ཁེ་ལས་ཀྱི་རེ་ཞུ་དང་ཟུང་འབྲེལ་བྱས་ཏེ་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དོན་འཁྱོལ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། རྣམ་གྲངས་ཇུས་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་སོགས་ཀྱི་ལྷུ་ཚིགས་ལ་ཕྱོགས་བསྡུས་བསམ་གཞིག་བཅས་བྱས་ཏེ་བཅའ་ཁྲིམས་དང་གཏན་འབེབས་གཞིར་བཟུང་ཕྱོགས་ཡོངས་ནས་ཞབས་ཞུ་ཡག་པོ་བསྒྲུབས་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། རྣམ་གྲངས་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས་རྡོ་མཁར་རྫོང་གི་བསྡུ་འགྲེམས་ནུས་པ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་འགག་པ་དང་རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་གསར་སྤེལ་མ་འཇོག་ཚོགས་པས་ས་དམ་ཡུས་ལུང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་སྣ་མང་མཉམ་ལས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མཛེས་ལྗོངས་ཁུལ་གཏོད་རྒྱུར་ཐུན་མོང་ཐོག་ཞིབ་འཇུག་དང་ཇུས་འགོད་བྱས་ཏེ་བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་ཆེ་རུ་གཏོང་བ་དང་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།
ཧོ་ཞན་ཀྲུང་གིས་བདེ་ཆེན་གྱི་ཡུལ་སྐོར་ཐོན་ཁུངས་ཐུན་མིན་ཁྱད་ཆོས་ལྡན་པས་ས་གནས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། ཀུང་སིས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཆར་གཞི་འགོད་པ་དང་ཚད་གཞི་མཐོ་པོའི་ཐོག་ནས་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་བདེ་ཆེན་གྱིས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་རྣམ་གྲངས་གཏོད་རྒྱུར་རམ་འདེགས་བྱེད་པ་དང་། ཡུལ་སྐོར་འཛད་སྤྱོད་ཀྱི་གླེང་ཆ་གསར་པ་སྐྱེད་སྲིང་བྱེད། ཡུལ་སྐོར་འཛད་སྤྱོད་རིམ་སྤར་ལ་སྔར་བས་སྐུལ་ཁྲིད་བཅས་བྱས་ཏེ་བདེ་ཆེན་གྱི་ཡུལ་སྐོར་ལས་རྣམ་དང་། ཐོན་རྫས། རྣམ་པ་བཅས་གསར་གཏོད་བྱ་རྒྱུར་སྟོབས་ཤུགས་སྣོན་རྒྱུ་ཞེས་བཤད།
ཁུལ་འགོ་ཁྲིད་ལིན་ཧའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར། རྡོ་མཁར་རྫོང་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་མཇལ་འཛོམས་སུ་ཞུགས།