ཁུལ་ཨུས་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་12ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ཞིང་འཚོགས་པ། ཚོགས་འདུའི་ཐོག་གཙོ་གནད་རིག་གནས་ཡུལ་སྐོར་དང་ཚོང་འགུགས་རྣམ་གྲངས་ཀྱི་སྐུལ་འདེད་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས།


    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས།

    ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་དུ་གཏོང་བ། འབྲེལ་ཡོད་ཁེ་ལས་དང་གནད་འཕིགས་མཐུད་ཤུགས་ཆེར་གཏོང་དགོས། འབྲེལ་ཡོད་རྣམ་གྲངས་ལ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་གཙོ་གནད་ཐོན་ལས་རྣམ་གྲངས་གོ་རིམ་ལྡན་པས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། འཆར་འགོད་ཁྲིད་སྟོན་དང་། སྲིད་ཇུས་ལེ་ལག་ཚང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་རྣམ་གྲངས་ལག་བསྟར་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་དགོས། ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་མཐའ་འཁྱོངས་དང་། མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་གཏོད། སྣ་མང་མཉམ་ལས་ཀྱི་ཐབས་ལམ་འཚོལ་ཞིབ། རྣམ་གྲངས་ཀྱི་ཁེ་འབབ་བགོ་བཤའི་ལམ་སྲོལ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་མ་འཇོག་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ་དང་། ཚན་རིག་དང་མཐུན་པའི་ངང་རྣམ་གྲངས་ཀྱི་བཀོད་སྒྲིག་འཆར་གཞི་འགོད་དེ་དཔལ་འབྱོར་ཕན་འབྲས་དང་སྣོད་བཅུད་ཕན་འབྲས་གཉིས་ཁེ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་།

    ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཉེན་ཁར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།འགན་འཁྲི་ནན་དུ་གཏོང་བ།རང་འགུལ་ངང་ལས་དོན་སྒྲུབ་པ།རྣམ་གྲངས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ།འགལ་ཟླ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ།ཚོད་འཛིན་གྱི་རྒྱུ་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ།རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱེད་རྒྱུར་འགན་སྲུང་བཅས་བྱེད་དགོས།འགན་འཁྲི་ལས་ཁུངས་ཁག་གིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་སྤྱི་འདོམས་བྱེད་པ་དང་སྡེ་ཚན་བར་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“སྒུག་མི་རུང་བ་དང་དལ་མི་རུང་བའི”དུས་གཏུག་གི་བསམ་པའི་ཐོག་ནས་གཙོ་གནད་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་།སྔ་ཙམ་ཐོན་སྐྱེད་བྱེད་པ།སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་དགོས།དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཀྱི་ཕུགས་ཡུན་འཆར་གཞི་ཡག་པོ་འགོད་པ་དང་།ཉེན་ཁ་མཉམ་འཁུར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ།ཕྱོགས་ཁག་གི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོ་བ་བཅས་བྱས་ཏེ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཉེན་ཁ་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས།མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གནད་འཕིགས་ཇུས་འདོན།ས་ཆ་དང་།མ་དངུལ།ཞིབ་མཆན་འགོད་པ་སོགས་ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ནས་རྣམ་གྲངས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

    ཁུལ་འགོ་ཁྲིད་ལིན་ཧའོ། ཝན་ཏན་ཆིན། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།