ལོ་7ལ་སླེབས་པའི་བྱིས་པས་སྐོར་བྲོ་འཁྲབ་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་10ཉིན་གྱི་དགོང་མོར། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་རྡལ་དུ་དམངས་དོན་ཁྲིམས་གཞུང་བརྗོད་བྱ་གཙོ་བོར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་དང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་རྡལ་ཁྱིམ་བདག་གི་མཚན་མོའི་སློབ་གྲྭ་ཞེས་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་བྱེད་སྒོ་སྤེལ། ཀོང་རྩེད་རའི་གུང་གསེང་གཞོན་ནུ་སློབ་ཆུང་གི་སྐོར་བྲོ་གསོ་སྦྱོང་འཛིན་གྲྭ་ནས་ཡོང་བའི་ལོ་7ལ་སླེབས་པའི་སློབ་མ་ཧོ་ཞིན་ཁའེ་ཡིས་ངོ་མཚར་ཆེ་བའི་ཀོང་རྩེད་ར་སྐོར་བྲོ་འཁྲབ་ནས་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད །