རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ཁོངས་ཡོངས་དང་། དུས་གཏན། གཙོ་རྒྱུ་ཀུན་འདུས་བཅས་ཀྱི་ཡུལ་སྐོར་རྣམ་པ་མགྱོགས་མྱུར་ངང་བཏོད་དེ་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་། དཔེ་དབྱིབས། ཐོན་རྫས་གསར་གཏོད། ཡུལ་སྐོར་ཞབས་ཞུའི་གསར་གཏོད་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ས་ཁོངས་མཉམ་འགུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་། 2025ལོའི་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་664.25ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་28.55%འཕར་བ་དང་། རིམ་རྩིས་བརྒྱབ་ན་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་76.02ཟིན་པ་དེ་དུས་མཚུངས་ལས་28.82%འཕར་བ་རེད།
ཐོན་ལས་རིགས་སྒྱུར་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་རིམ་པ་མཐོར་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ་ཤྭ་ཁ་རི་བོ་དང་། སེམས་ཀྱི་ཉི་ཟླའི་གངས་ཤུད་ར་བ་སོགས་བེད་མེད་ཐོན་ཁུངས་ཕན་སྒྱུར་དང་། ཧྲེན་ཡུས་ཐེན་ཞང་དང་ཡང་ཐང་གནས་གསར། ནགས་ཕག་མཚོ་སོགས་3Aརིམ་པའི་མཛེས་ལྗོངས་ཁུལ་དུ་གཏོད་པ། ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་གཏོད་པ། རྡོ་མཁར་རྫོང་དང་། ཤྭ་ཁ་རི་བོ། འབའ་ལྷག་དཀར་རྫོང་བཅས་མཛེས་ལྗོངས་ཁུལ་3ལ“མཛེས་ལྗོངས་ཁུལ་གཅིག་ལ་ཐབས་ཇུས་གཅིག”རིམ་སྤར་ཇུས་འགོད་བྱས་པས་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་ཡིད་དབང་འཕྲོག་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། “ཚེ་འདིའི་བརྩེ་བར་བརྟེན་ས་214”ཞེས་པའི་འཁོར་ཁྲིད་ཡུལ་སྐོར་IPལ་རྒྱུན་མཐུད་ངང་བཏོད་པ། “མེ་ཏོག་ཡུལ་སྐོར་ཏེ་རྣམ་པ་སྣ་མང་ལ་བརྟེན་ནས་དུས་བཞི་ལ་བདེ་ཆེན་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ། རྡོ་མཁར་རྫོང་དང་ཁ་བ་དཀར་པོ་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་དང་སྦྲེལ་མཐུད་བྱས་ནས་ཁོངས་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་འཚོལ་ཞིབ་དང་བཀོད་སྒྲིག་བཅས་བྱས་ཡོད། གངས་ཤུད་དང་གངས་རྩེད་ཐོན་རྫས་བཏོན་ནས་དགུན་དུས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་40%ཡན་འཕར་ཏེ་དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་སྤུས་རྟགས་ལ་གསོན་ཤུགས་གསར་པ་འཕེལ་བ། གྲོང་གསེབ་ཡུལ་སྐོར་ལ་བཀྲག་མདངས་འཚེར་ས་མང་པོ་ཐོན། 2024ལོར་ཁུལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1460ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་57.22ཟིན་ཡོད་པ་རེད།
ཞབས་ཞུའི་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་བ། གང་སར་ཡུལ་སྐོར་ཁོར་ཡུག་ཡོད་པ་དང་། མི་ཚང་མ་ཡུལ་སྐོར་གཟུགས་བརྙན་གྱི་འདུ་ཤེས་ཡིན་པ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། 2024ལོ་ནས་ད་བར། ལས་ཞུགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཐེངས་12གཉེར་ནས་མི་ཐེངས་1716ལ་གསོ་སྦྱོང་བྱས་ཡོད།ལྗོངས་གཟིགས་སྟེངས་ཆ10གསར་སྐྲུན་བྱས་པ་དང་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐིག་17ཤར་གཏོང་ཐུབ་ནས་མཛེས་ལྗོངས་ཁུལ་གཙོ་བོའི་བར “གཅིག་འཐུས་རྣམ་པའི”ཐད་གཏོང་རིམ་བཞིན་མངོན་འགྱུར་བྱུང་ཡོད། རིག་གནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་ནས་2025ལོའི་དུས་ཚིགས་དང་པོར་ཡུལ་སྐོར་ཞུ་གཏུག་661ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་2.9%ཆག་ཡོད་པ་རེད།
རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ། རིག་གནས་ཡུལ་སྐོར་དམངས་ཕན་མཐའ་འཁྱོངས་བྱས་ཏེ། ཟློས་གར་གྲོང་གསེབ་ཏུ་སྤེལ་བ་སོགས་རིག་གནས་དམངས་ཕན་འཁྲབ་སྟོན་ཐེངས་854སྒྲིག་འཛུགས་བྱས་པས་མང་ཚོགས་མི་ཐེངས་ཁྲི་100ལྷག་ཙམ་ལ་ཕན་པ་ཐོབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་བློ་ཡིད་ཚིམ་ཚད་95%ཟིན་ཡོད། མངོན་མིན་ཤུལ་བཞག་བཟོ་ཁང་དང་རིག་གནས་གསར་གཏོད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཉི་ཤར་རྫ་ནག་དང་སྤོས་སོགས་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པ། རྒྱལ་ཁབ་རིམ་པའི་བདེ་ཆེན་མི་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཕན་འབྲས་བཟང་པོ་ཐོབ་པ། ཁུལ་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་སྤེལ་ལ“ལོ་ལེགས་གཉིས”བྱུང་ཡོད།