རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་10ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ནགས་ཕག་མཚོའི་འབབ་རྒྱུད་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྐྱོང་རྣམ་གྲངས་སྐུལ་འདེད་བཀོད་འདོམས་པུའུ་རུ་ཕེབས་ནས་ནགས་ཕག་མཚོའི་ཆུ་སྤུས་མཐོར་འདེགས་འགག་སྒྲོལ་ལས་ཀར་ཞིབ་འཇུག་གནང་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད། དམིགས་ཚད་ཁྲིད་ཕྱོགས་དང་གནད་དོན་འཛིན་ཕྱོགས། གྲུབ་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད། བསམ་གཞིགས་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་ནགས་ཕག་མཚོའི་ཆུ་སྤུས་མཐོར་འདེགས་འགག་སྒྲོལ་ལས་ཀ་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་།
བཀོད་འདོམས་པུའུ་རུ་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་གི་གཞི་གྲངས་ཆེན་པོའི་དོ་དམ་ལས་སྟེགས་སུ་ལྟ་ཞིབ་བྱས་ནས་ཆུ་འབུད་མདོང་དྲ།བཙོག་ཆུ་དྭངས་སེལ། མཚེའུ་དང་ཆུ་བོའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ཡོད་ལས་ཀའི་སྒྲུབ་ཚུལ་སྙན་སེང་ཉན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་སྡེ་ཚན་ཁག་གིས་ནགས་ཕག་མཚོའི་རང་ཁུལ་གྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་མཐོ་རུ་གཏོང་བའི་ཐད་ཡོད་པའི་དོན་སྙིད་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ནགས་ཕག་མཚོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྐྱོང་གི་གལ་ཆེའི་རང་བཞིན་དང་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད།ཀྲུང་དབྱངས་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལེན་གནད་དོན་དག་ཐེར་ལེགས་བཅོས་ལ་ཚད་མཐོའི་མཐོང་ཆེན་བྱེད། བག་མེད་ཀྱི་བསམ་བློ་མཐའ་གཅིག་ཏུ་མེད་པར་བཟོ། མི་ཤུགས་དང་དངོས་ཤུགས་སེམས་ཤུགས་བཅས་གཅིག་བསྡུས་བྱས་ནས་སྟོབས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོང་དང་བཅོས་སྐྱོང་ལས་ཀར་གྲུབ་འབྲས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་རིང་ཐུང་ཟུང་འབྲེལ་རྒྱུན་འཁྱོངས་དང་ཆུ་སྤུས་ངན་འགྱུར་འགྲོ་ཕྱོགས་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ནགས་ཕག་མཚོའི་ཆུའི་སྐྱེ་ཁམས་ནན་ཏན་གྱིས་ལེགས་སུ་གཏོང་དགོས། སྤྱོད་ཚུལ་བསྒྱུར་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ལས་ཀའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན་མཐོ་རུ་གཏོང་བ། ཁུལ་དང་གྲོང་ཁྱེར་མཉམ་འགུལ་དང་སྡེ་ཁག་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། གོང་ལ་སྙན་སེང་མཐུན་སྦྱོར་གང་ཐུབ་བྱེད། ནགས་ཕག་མཚོ་འབབ་རྒྱུད་ཀྱི་དམངས་སྡོད་གནས་ཚང་དང་ཡུལ་མི་ཚོ་ཆུང་ལ་དོ་དམ་ཁྲིད་སྟོན་བྱེད་ཤུགས་མཐོ་རུ་གཏོང་། ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་ཅུས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་དང་ལག་རྩལ་ཞིབ་འཇུག་གཏིང་ཟབ་བྱེད་ནས་ཆེད་ལས་ཅན་གྱི་དོ་དམ་ནུས་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།བཀོད་གཏོང་ཧུར་ཐག་བྱེད་པ་དང་ཚན་རིག་དང་མཐུན་པའི་དོ་དམ་རྒྱུན་འཁྱོངས་བྱེད་ནས་ཁྲིམས་འགལ་འཛུགས་སྐྲུན་དང་ཉོ་ཚོང་། ས་ཆ་བཟུང་བ་སོགས་བྱ་སྤྱོད་གཏན་འགོག་བྱེད་དགོས། བཅོས་སྐྱོང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ།ནགས་ཕག་མཚོ་སྲུང་སྐྱོང་བཅོས་སྐྱོང་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་།ཐབས་བརྒྱ་ཇུས་སྟོང་གིས་གསོག་འབོར་ཉུང་དུ་གཏོང་བ་དང་འཕར་འབོར་ཚོད་འཛིན་བྱེད་ནས་ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་འགོ་ཁྲིད་ཁྲིན་ཆོན། ཧོང་ལུང་ཞིན། ལི་ཐའོ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལས་གྲྭའི་དཔྱད་དཔོག་ལྟེ་གནས་ཆུ་དང་རླུང་ཁམས་ཆེན་པོའི་བློ་འདྲི་པུའུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་། ཁུལ་དང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།