རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-13   རྩོམ་ཁུངས།    康巴卫视
ཟླ་བ་ལྔ་པར་ངེས་པར་དུ་ཟ་དགོས་པའི་སིལ་ཏོག་རིགས་དྲུག
དེ་རིང་ང་ཚོས་ཟླ་བ་ལྔ་པར་ངེས་པར་དུ་ཟ་དགོས་པའི་སིལ་ཏོག་གི་རིགས་ཁ་ཤས་མཚམས་སྦྱོར་བྱ་རྒྱུ་ཡིན། དེ་དག་ཞིམ་པོ་ཡོད་པར་མ་ཟད་བདེ་ཐང་ཡིན་པས། ཅི་མོས་ཟ་ཆོག་པའི་སིལ་ཏོག་དག་དག་རེད།
ལོ་ཀཱ་ཊ།
1.ཚ་ཚད་དམའ་བ།
ལོ་ཀཱ་ཊ་ནི་ཚ་ཁུལ་གྱི་སིལ་ཏོག་ཡིན་ཡང་ཚ་ཚད་ཁེ་བརྒྱའི་ནང་སྟོང་ཁེ་41་ལས་འདུས་མེད། ཀུ་ཤུ་དང་ཆང་བ་ལི་སོགས་རྒྱུན་མཐོང་གི་སིལ་ཏོག་ལས་ཚ་ཚད་དམའ་བ་རེད།
2. ཁྲག་མངར་འགྱུར་ཚད་དམའ་བ།
ལོ་ཀཱ་ཊ་མངར་མོ་ཡོད་ཀྱང་ཁེ་བརྒྱའི་ནང་མངར་ཆ་ཁེ་9.3ལས་འདུས་མེད། ཁྲག་མངར་འགྱུར་ཚད་དམའ་བའི་སིལ་ཏོག་གི་ཁོངས་སུ་གཏོགས་པས། ཁྲག་མངར་ཚོད་འཛིན་བྱེད་དགོས་མཁན་ཚོས་ཀྱང་ཟ་ཆོག
3. རྒས་འགོག་ནུས་པ་ལྡན་ཞིང་མིག་ལ་ཕན།
ལོ་ཀཱ་ཊ་ཁེ་བརྒྱའི་ནང་དུ་ལབ་སེར་རྒྱུ་འདུས་ཚད་ཝེ་ཁེ་300~4400་ཡིན་པས། རྒས་འགོག་བྱེད་ཐུབ་པ་མ་ཟད་མིག་དང་སྐྱི་པགས་སྲུང་སྐྱོབ་བྱེད་ཐུབ།
4. ཆུ་ཁ་གསབ་དང་ཐུར་སེལ་ནུས་པ་ལྡན།
ལོ་ཀཱ་ཊའི་ནང་གི་ཆུ་འདུས་ཚད་92%་ཟིན་པས། ཐུར་སེལ་གྱི་ནུས་པ་ལྡན།
ལོ་ཀཱ་ཊ་འདེམ་པའི་ཐབས་ཤེས།
1. སྐྱི་པགས་ལ་བ་སྤུ་ཡོད་པ། 2.མདོག་དམར་སེར་ཡིན་པ། 3. དབྱིབས་འཇོང་ཟླུམ་དང་ཆེ་ཆུང་འབྲིང་རིམ་ཡིན་པ་མ་ཟད། སྐྱི་པགས་རྨས་མེད་པ།
སེའུ།
1. ཚ་ཚད་དམའ་བ།
ཁེ་བརྒྱའི་ཚ་ཚད་སྟོང་ཁེ་46་ལས་མེད། ལོ་ཀཱ་ཊ་དང་ཕལ་ཆེར་འདྲ།
2. ཁྲག་མངར་འགྱུར་ཚད་དམའ་བ།
མངར་ཆ་འདུས་ཚད་མཐོ་རུང་། ཁྲག་མངར་འགྱུར་ཚད་ཁེ་22་ལས་མེད་པས། ཁྲག་མངར་འགྱུར་ཚད་དམའ་བའི་སིལ་ཏོག་རིགས་ཡིན།
3. མེ་ཏོག་མདོག་རྒྱུ་འདུས་པ།
སེའུ་ཡི་ནང་དུ་མེ་ཏོག་མདོག་རྒྱུ་སོགས་འདུས་པས། རྒས་འགོག་ནུས་པ་ལྡན།
4. ཅཱ་ཁ་གསབ་དང་ཁྲག་ཤེད་ཕབ་པའི་ནུས་པ་ཡོད།
སེའུ་ཡི་ཅཱ་འདུས་ཚད་སིལ་ཏོག་ནང་ཅུང་མཐོན་པོ་ཡིན། ཁེ་བརྒྱའི་ནང་ཧའོ་ཁེ་232འདུས། ངང་ལག་དང་ཕལ་ཆེར་འདྲ་ཡང་། ངང་ལག་ལས་ཚ་ཚད་དམའ་བ་རེད། དེ་བས་ཁྲག་ཤེད་མཐོ་བའི་གྲོགས་པོ་ཚོས་སེའུ་ཟ་ན་ཅཱ་ཁ་གསབ་ཐུབ་པ་མ་ཟད་ཁྲག་ཤེད་ཕབ་པའི་ནུས་པ་ལྡན།
སེའུ་འདེམ་པའི་ཐབས་ཤེས།
1. གསར་པ་ཡིན་དགོས། 2. རིགས་མི་འདྲ་ན་བྲོ་བའང་མི་འདྲ། 3. མདོག་ཅུང་དམར་ནག་ཡིན་དགོས། 4. དབྱིབས་རྒྱས་པ་དང་སྐྱི་པགས་བཀྲག་མདངས་ལྡན་དགོས།
ཨ་མྲ།
1. ཚ་ཚད་དམའ་བ།
ཁེ་བརྒྱའི་ནང་ཚ་ཚད་སྟོང་ཁེ་35~52་བར་ལས་མེད། མངར་ཆ་འདུས་ཚད་ཀྱང་མཐོན་པོ་མེད། ཁེ་བརྒྱའི་ནང་ཁེ་8.3~12.9་ལས་མེད། ཁྲག་མངར་གྱུར་ཚད་ང་ལྔ་ཡིན་པས། ཁྲག་མངར་འགྱུར་ཚད་དམའ་བའི་སིལ་ཏོག་རིགས་ཡིན།
2.མིག་ལ་ཕན་ཐོགས་ཆེ།
ལབ་སེར་རྒྱུ་འདུས་ཚད་ཁེ་བརྒྱའི་ནང་ཝེ་ཁེ་897~ 2080་འདུས་ཡོད། རྟག་པར་གློག་ཀླད་དང་དཔེ་ཆ་ལྟ་མཁན་ལ་འཚམ་པོ་ཡོད།
3.འཚོ་རྩི་ག་པ་ཁ་གསབ་དང་རྒས་འགོག་བྱེད་ཐུབ།
འཚོ་རྩི་ག་པའི་འདུས་ཚད་ཁེ་བརྒྱའི་ནང་ཧའོ་ཁེ་14~23་འདུས་ཡོད། ཚ་ལུ་མ་ལས་དམའ་རུང་། ཀུ་ཤུ་དང་ཆང་བ་ལི་སོགས་ལས་མཐོ། རྒྱུན་དུ་འཚོ་རྩི་ག་པ་ཁ་གསབ་དང་། ལུས་པོའི་རྒས་འགོག་ནུས་པ་མཐོར་འདེགས་གཏོང་བའི་ནུས་པ་ཡག་པོ་ཡོད།
ཨ་མྲ་འདེམ་པའི་ཐབས་ཤེས།
1. ཕྱོགས་གཉིས་རྣོ་ཞིང་དཀྱིས་རྒྱས་པ་མ་ཟད། ཅུང་རིང་བ། 2. མདོག་སེར་ནག 3.དྲི་མ་ཞིམ་པ། 4. སྡོང་ལ་ལྡེམ་གཤིས་ལྡན་པ།
སྲིན་འབྲས།
1.མེ་ཏོག་མདོག་རྒྱུ་དང་འཚོ་རྩི་ག་པ་འདུས་པས་རྒས་འགོག་ནུས་པ་ཡག་པོ་ཡོད།
ཁེ་བརྒྱའི་ནང་མེ་ཏོག་མདོག་རྒྱུ་འདུས་ཚད་ཧའོ་ཁེ་14~347་འདུས་པས། སིལ་ཏོག་མང་ཆེ་ཤོས་ལས་མཐོ། ཁེ་བརྒྱའི་ནང་འཚོ་རྩི་ག་པ་ཧའོ་ཁེ་36.4་འདུས་པས། ཚ་ལུ་མ་དང་རྒྱ་སིལ་དང་ཕལ་ཆེར་མཉམ། དེ་བས་རྒས་འགོག་སིལ་ཏོག་ཡག་ཤོས་རེད་ཟེར་ཆོག
2. ཐུར་སེལ་བའི་ནུས་པ་ཡོད།
སྲིན་འབྲས་ཁེ་བརྒྱའི་ནང་ཟས་ཚི་སྣ་ཁེ་4.1་འདུས་པས། ཀུ་ཤུ་དང་ཆང་བ་ལི། ཁམ་བུ་བཅས་ལས་མཐོ། དེ་མ་ཟད་ཆུ་མང་པོ་ཡོད་པས་ཐུར་སེལ་བའི་ནུས་པ་ཡོད།
སྲིན་འབྲས་འདེམ་པའི་ཐབས་ཤེས།
1. མདོག་སྨུག་ནག་ཡིན་པ། 2. ཡུ་བ་ཆ་ཚང་ཞིང་སྔོ་ནག་ཡིན་པ། 3. སིལ་ཏོག་གི་དྲི་ཞིམ་འཐིམ་ཞིང་ཆང་དྲི་དང་སྐྱུར་དྲི་མེད་པ།
སྐྱུར་འདྲ།
1.ཚ་ཚད་དམའ་བ།
སྐྱུར་འདྲ་ཁེ་བརྒྱའི་ནང་ཚ་ཚད་སྟོང་ཁེ་30་ལས་མེད། དེ་མ་ཟད་ཁེ་བརྒྱའི་ནང་མངར་ཆ་ཁེ་6.7་ལས་མེད་པས། ཁྲག་མངར་འགྱུར་ཚད་ཁེ་22་ཙམ་རེད། ཚོ་བྱང་མཁན་གྱིས་སེམས་བདེ་མོས་ཟ་ཆོག
2. ཆུ་གསབ་སྐོམ་སེལ་གྱི་ནུས་པ་ཡོད།
སྐྱུར་འདྲའི་ཆུ་ཆ་འདུས་ཚད་92%་རེད། ཆུ་ཀུབ་དང་ཕལ་ཆེར་འདྲ།
3.མེ་ཏོག་མདོག་རྒྱུ་ཕུན་སུམ་ཚོགས་པོ་ལྡན་པ་རྒས་འགོག་བྱེད་ཐུབ།
སྐྱུར་འདྲའི་མེ་ཏོག་མདོག་རྒྱུ་འདུས་ཚད་མང་། ཁེ་བརྒྱའི་ནང་ཧའོ་ཁེ་60.3~227.1་ཡིན་པས་རྒས་འགོག་ནུས་པ་བཟང་།
སྐྱུར་འདྲ་འདེམ་པའི་ཐབས་ཤེས།
1.མདོག་དམར་སྨུག་ཡིན་པ། 2.དབྱིབས་ཆ་ཚང་ཞིང་མཉེན་མོ་མིན་པ། 3. སིལ་སྡོང་སྔོན་པོ་ཡིན་པ་མ་ཟད་ཆ་ཚང་བ།
སེའུ་སྒོང་།
1. ཚོ་བྱང་བའི་སིལ་ཏོག་ཡག་ཤོས།
སེའུ་སྒོང་ཁེ་བརྒྱའི་ནང་ཚ་ཚད་སྟོང་ཁེ་25་ལས་མེད་པ་དང་མངར་ཆ་ཁེ་5.8་ལས་མེད་པས། ཚོ་བྱང་བའི་སིལ་ཏོག་ཡག་ཤོས་ཡིན།
2. རྒས་འགོག་ནུས་པ་དྲག་པོ་ལྡན།
འཚོ་རྩི་ག་པའི་འདུས་ཚད་ཕུན་སུམ་ཚོགས། ཁེ་བརྒྱའི་ནང་ཧའོ་ཁེ་33་འདུས་པས། ཚ་ལུ་མ་དང་གཅིག་འདྲ་རེད།
སེའུ་སྒོང་འདེམ་པའི་ཐབས་ཤེས།
1. ཕྱི་དབྱིབས་དམར་ནག་ཡིན་པ། 2. ལག་པས་རེག་དུས་ལྡེམ་གཤིས་ཆེ་ན་ཡག་པོ་ཡོད།