2024ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་ཁྲི་7531.8ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-07   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཚེས་3ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་12པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་བསྡོམས་ཁྲི་7531.8དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁྲི་439.7ཡོད་པ་དང་། 2024ལོར་ཁྱོན་བསྡོམས་ཚོགས་མི་ཁྲི་641.7འཕེལ་རྒྱས་བཏང་ཡོད་པ་རེད།

    དེའི་ཁྲོད་ཚོགས་པའི་ས་གནས་ཨུ་ལྷན་ཁྲི་0.3དང་། གཞི་རིམ་ཚོགས་པའི(བཟོ་པའི)ཨུ་ལྷན་ཁྲི་19.5 ཚོགས་པའི(སྤྱི་ཁྱབ)ཀྲི་པུའུ་ཁྲི་419.9བཅས་ཡོད། སློབ་གྲྭའི་ཚོགས་པའི་རྩ་འཛུགས་ཁྲི་199.7དང་ཚོགས་མི་ཁྲི་3850.2དང་། ཁེ་ལས་ཀྱི་ཚོགས་པའི་རྩ་འཛུགས་ཁྲི་89.7དང་ཚོགས་མི་ཁྲི་679.5 ལས་ཁུངས་དང་བྱ་གཞག་ཚན་པའི་ཚོགས་པའི་རྩ་འཛུགས་ཁྲི་36.0དང་ཚོགས་མི་ཁྲི་432.8 གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ(གྲོང་ལྷན)སྲིད་འཛིན་གྲོང་ཚོ་བཅས་ཀྱི་ཚོགས་པའི་རྩ་འཛུགས་ཁྲི་94.7དང་ཚོགས་མི་ཁྲི་2326.2 སྤྱི་ཚོགས་རྩ་འཛུགས་དང་ཁྱབ་ཁོངས་གཞན་དག་གི་ཚོགས་པའི་རྩ་འཛུགས་ཁྲི་19.6དང་ཚོགས་མི་ཁྲི་243.1བཅས་ཡོད་པ་རེད།