རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་5ཚེས་7ཉིན་བདེ་ཆེན་ཁུལ་ཨུའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་དང་2025ལོར་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལེགས་བཤད་གལ་ཆེན་དང་། ཞིང་ཨུ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁུལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་སློབ་གྲྭ་དང་སྡེ་ཁུལ་དུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལོ་འཁོར་གྱི་བཀོད་སྒྲིག་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་སློབ་གླིང་འཛུགས་སྐྲུན་བྱེད་ནས་མངགས་ཐོ་རྣམ་པའི་གསོ་སྦྱོང་བྱེད་པ། ཕུལ་བྱུང་དམག་ཞབས་ཐིམ་པའི་དམག་མི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”སུ་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། དམག་གཏོད་ཁེ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་དམག་གཏོད་ཁེ་ལས་ཀྱི་དཔེ་སྟོན་སྤུས་རྟགས་སྐྱེད་སྲིང་བཅས་བྱེད་དགོས། སྲ་ཞིང་བརྟན་པ་དང་ཕ་བོང་ལྟ་བུའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། དམག་དཔུང་ལ་བརྩི་བཀུར་དང་མདུན་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཐུས་ཚང་དུ་བཏང་ནས་འཕྲལ་སྡོམ་མཉམ་འགུལ་གྱི་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས། དམག་དཔུང་ལ་བརྩི་བཀུར་བྱེད་པའི་ཞབས་ཞུ་ཡག་པོ་བྱས་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གྱི་གསར་བཟོ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ།
གྲོས་ཚོགས་ཐོག་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “དམག་སེམས་དྲོ་སྐྱིད་ལྡན་པ་དང་དམངས་ཕན་གྱི་བསམ་པ་ཡོད་པའི་”དོན་དངོས་10ལེགས་པར་བསྒྲུབ་དགོས། དཀའ་སེལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། “དམག་མི་རྒན་པར་བརྩེ་སེམས་འཆང་བའི་”བྱ་སྤྱོད་མུ་མཐུད་སྤེལ་བ་དང་། “དམག་མི་རྒན་པར་བྱ་བ་དངོས་སྒྲུབ་པའི་”བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་སྤེལ་བ་བཅས་བྱ་དགོས། ཚད་གཞི་ཅན་དུ་འགྱུར་བའི་འཛུགས་སྐྲུན་དམ་འཛིན་ཡག་པོ་དང་། གཞི་རིམ་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ལྟེ་གནས་(ས་ཚིགས་)ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁྱབ་ཁོངས་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཡིག་བསྐུར་ངོ་བཅར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་དང་། “13712”ཀྱི་ཡིག་བསྐུར་ངོ་བཅར་ལས་སྒྲུབ་ནང་རྐྱེན་འཁོར་སྐྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡིག་བསྐུར་ངོ་བཅར་གྱི་གནད་དོན་འབྱུང་རྩ་ནས་ལོ་གསུམ་རིང་གི་འགག་སྒྲོལ་བྱ་སྤྱོད་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གཅིག་གྱུར་མཐུན་སྦྱོར་མཐུན་སྦྱོར་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། གཅིག་གྱུར་མཐུན་སྦྱོར། མཉམ་སྒྲུབ་མཉམ་འགུལ་བཅས་བྱས་ཏེ། སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་ལས་ཀའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
ཚོགས་འདུའི་ཐོག་2024ལོར་ཁུལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཉན་པ་དང་།《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2025ལོའི་ལས་ཀའི་གཙོ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་ཡུས་ཀུའེ་ཧྥུན་ཚོགས་འདུར་ཞུགས་པ་རེད།