རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
“ལྔ་གཅིག”རིང་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དེ་སྤྲོ་སྣང་ལྡན་པའི་རྒྱ་མཚོར་གྱུར་ཡོད།ཚེས་1ནས་5ཉིན་བར་དེ་གར“ཡུན་ནན་གྱི་ཞབས་བྲོ་ཚང་མས་འཁྲབ་པ”དང་།མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གླུ་གར་འཁྲབ་སྟོན་དང་ཟློས་གར་གྲོང་གསེབ་ཏུ་འཁྲབ་སྟོན་བྱེད་པར་སྐྱོད་པའི་དམངས་ཕན་འཁྲབ་སྟོན་བྱེད་སྒོ་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་14བྱས་པ་དང་།ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་མང་པོ་དེར་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ཉིན་ལྟར་དེར་ཞུགས་མཁན་མི་ཐེངས་3800ཙམ་ཟིན་ཡོད་པ་རེད། གཞན་ཡང་ཚེས་2ནས་4ཉིན་བར་གཉེར་བའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་མི་རིགས་མང་པོའི་ཐང་ཆེན་ཞབས་བྲོ་ཚང་མས་འཁྲབ་པ་ཞེས་པའི་བྱེད་སྒོ་ཁག་10ལྷག་ཙམ་དང་དུས་བཞིའི་གྲོང་ཚོའི་གླུ་གཞས་སོགས་ཀྱི་བྱེད་སྒོའི་ནང་ཉིན་རེར་ཆ་སྙོམས་མི་ཐེངས་1600ལྷག་ཙམ་ཞུགས་ཡོད། ཕོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་མའེ་ཐོན་དང་པོ་ཏ་མཚོ་ལྔ་གཅིག་སྨི་ཞུའེ་འཁྱགས་གྲོང་འོ་ཇ་ཚོང་ཁང་གཉིས་ཀྱིས་མིང་འབྲེལ་མཉམ་འགོད་བྱེད་སྒོའི་ནང་ཞུགས་མཁན་མི་ཐེངས་10000ལྷག་ཙམ་ཞུགས་ཡོད་པ་རེད།ཟླ་5ཚེས་1ཉིན་ནས་ཚེས་3ཉིན་གྱི་དགོང་མོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྗོང་གིས་གཉེར་བའི་གངས་རི་རོལ་དབྱངས་དུས་ཆེན་སྐབས་བདུན་པ་དེ་གུང་གསེང་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ནས་ཡུལ་སྐོར་བ་དང་མང་ཚོགས་3000ལྷག་ཙམ་ཞུགས་ཡོད་པ་རེད།
“ལྔ་གཅིག”གུང་གསེང་རིང་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྤྱི་བདེ་དང་། ཁྲོམ་རའི་ལྟ་སྐུལ། འགྲིམ་འགྲུལ་ཁྲིམས་འཛིན། ཁྲལ་དོན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁྲིམས་འཛིན་ཞིབ་བཤེར་ཐེངས་291བྱས་ནས་ཁྲིམས་འཛིན་མི་སྣ་མི་ཐེངས་313བཏང་བ་དང་ཆབས་ཅིག་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་རྫོང(གྲོང་ཁྱེར)གསུམ་གྱི་གུང་གསེང་ཁྲོམ་རའི་ལས་དོན་སྤེལ་ཚུལ་ལ་ཉིན་རེར་བཀོད་སྒྲིག་བྱས་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་ནུས་ལྡན་བྱས་པ་རེད།
བདེ་ཆེན་ཁུལ་གྱིས་དང་བླངས་པའི་ཞབས་ཞུའི་ས་ཚིགས་8བཙུགས་ནས་དང་བླངས་པ་65བཀོད་སྒྲིག་བྱས་པ་དང་།རིམ་རྩིས་བྱས་ན་ཞབས་ཞུའི་དུས་ཡུན་ཆུ་ཚོད་2080ཟིན་ནས་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས་ཁྲི་13.2ལ་ཕན་པ་ཐོབ་ཡོད།རིན་མེད་འགྲེལ་བཤད་དང་།ཤེས་དཔལ་ཁྲིད་སྟོན།རིག་གནས་དང་ཡུལ་སྐོར་བློ་འདྲི་སོགས་ཀྱི་དང་བླངས་པའི་ཞབས་ཞུའི་རྣམ་གྲངས་སྤེལ་ནས་ཡུལ་སྐོར་བ་ཚོར་སྙིང་ཉེ་བའི་ཞབས་འདེགས་ཞུས་པ་རེད།