རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
“ལྔ་གཅིག”རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཞིང་། མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་འགྲེམས་སྟོན་ནས་ཐང་གའི་རི་མོའི་མྱོང་རོལ་དང་། བོད་ཀྱི་འཚེམ་དྲུབ་ལག་རྩལ་ནས་ལག་བཟོས་ཀོ་བརྐོས་བར་ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་དེ་མྱོང་ཐུབ་པའི་མི་རིགས་རིག་གནས་ཀྱི་འབྱུང་རྩ་ཞིག་ཏུ་གྱུར་ཡོད།
ཟླ་5ཚེས་1ཉིན་གྱི་ཕྱི་དྲོ། རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དེ་གདོད་མའི་སྣོད་བཅུད་སྒྱུ་རྩལ་གྱི་རྒྱ་མཚོའི་ནང་ཁྱབ་ཅིང་། བདེ་ཆེན་མི་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི“སྦས་ཡུལ་གྱི་ཞིང་ཁམས་བདེ་ཆེན་རྣམ་པར་བཀྲ”ཞེས་པའི་བོད་རིགས་ཀྱི་དམངས་གླུ་ཆེད་དོན་འཁྲབ་སྟོན་བྱེད་རིང་བདེ་ཆེན་ས་གནས་ཁག་གི་ཁུལ་དང་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་དེ་བཞིན་དམངས་ཁྲོད་སྒྱུ་རྩལ་པ་རེས་མོས་ངང་གར་སྟེགས་ཐོག་བསྐྱོད་དེ《རྒྱལ་ཐང་དམངས་གླུ་》དང《ནགས་སྐེ་རགས་དམངས་གླུ》སོགས་རོལ་དབྱངས་གྲགས་ཅན་ཁག་རེས་མོས་ངང་འཁྲབ་སྟོན་བྱས་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
གནའ་གྲོང་གི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ལྟེ་གནས་སུ་སྤོས་བཟོ་ཁུལ་དུ་དྲི་ཞིམ་འཐུལ་ཡོང་བ་དང་། གནའ་གྲོང་གི་གཞོགས་གཞན་ཞིག་གི་ཐང་གའི་རི་མོ་ཁང་དུ་ཡུལ་སྐོར་བ་ཚོས་སེམས་ལྷོད་ལ་བབས་ནས་དགེ་རྒན་གྱི་མཛུབ་ཁྲིད་འོག་སྨྱུ་གུ་བཟུང་སྟེ་ཐིག་འབྲི་བ་དང་ཚོས་གཞི་བསྐངས་ཡོད། གུང་གསེང་རིང་ཡུལ་སྐོར་བས“མངོན་མིན་རིག་གནས་ཤུལ་བཞག་དང་ཉམས་ལེན”གྱི་བྱེད་ཐབས་བརྒྱུད་རིག་གནས་ཀྱི་དྲན་ཤེས་དེ་རེག་ཐུབ་པའི་གྲུབ་འབྲས་སུ་འགྱུར་བ་བྱས་ཡོད།
རྡོ་མཁར་རྫོང་གི་སྒོ་འགྲམ་དུ་གནས་པའི་བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་སློབ་གླིང་དུ་མཛེས་ཤིང་ཡིད་དུ་འོང་བའི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་ཐང་ག་དང་། གསོན་ཉམས་ལྡན་པའི་མེ་ཏོག་སོགས་སྒྲིག་གཤོམ་བྱས་ཡོད། བོད་ཀྱི་འཚེམ་དྲུབ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་ཤོག་ཁག་ཁྲོད་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་འཚེམ་དྲུབ་ཀྱི་སྒྱུ་རྩལ་ཞིག་ཡིན་པ་དང་། དེའི་ནང་བོད་རིགས་བུད་མེད་གྲངས་མེད་ཀྱི་བློ་གྲོས་དང་གསར་གཏོད་འདུས་ཡོད་པ་དང་། བོད་འབྲེལ་ས་ཁུལ་གྱི་སོ་ནམ་རིག་གནས་དང་ཆོས་ལུགས་རིག་གནས་ཟུང་འབྲེལ་བྱས་པའི་ཐོན་དངོས་ཤིག་རེད”སྒོ་རའི་ནང་ལས་དོན་མི་སྣས་ཡུལ་སྐོར་བར་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཡོད།
ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྱིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གཏིང་ཟབ་བྱེད་པ་དང་། “མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་འཚོལ་ཞིབ་བྱས་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྒྱུ་དེ་ཡུལ་སྐོར་ཉམས་ལེན་ནང་མཉམ་འདྲེས་བྱས་པ་བརྒྱུད། སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་མ་ཟད། ཡུལ་སྐོར་གྱི་རིག་གནས་ཀྱི་ཉམས་འགྱུར་ཡང་སྔར་བས་ཟབ་ཏུ་ཕྱིན་ཡོད། ད་ཆ་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱ་རྒྱུ་ནི་ཕུགས་རྒྱང་རིང་པོ་ཞིག་མིན་པར་ཡུལ་སྐོར་བས་ལག་ཏུ་རེག་ཐུབ་པའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་རེད།