རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།“ལྔ་གཅིག་”གུང་གསེང་གི་ཉིན་དང་པོར།བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་ཁག་ཏུ་འདུ་འཛི་རབ་ཏུ་ཆེ།ཡུལ་སྐོར་བས་མཛེས་ལྗོངས་དང་འཁྲབ་སྟོན་ལ་བལྟས་ནས།སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་རྣམ་པར་ཚོར་བ་རེད། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན།གུང་གསེང་གི་ཉིན་དང་པོར།བདེ་ཆེན་ཁུལ་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་14.18་ལ་སྣེ་ལེན་ཞུས་ཡོད།འདིའི་ཁྲོད་དུ།ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་2.84དང་། ཉིན་གཅིག་ལ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་11.34སྣེ་ལེན་བྱས་ནས་ཡུལ་སྐོར་འགྲོ་སོང་སྒོར་ཁྲི་11042.51མངོན་འགྱུར་བྱུང་ཡོད།རིག་གནས་ཡུལ་སྐོར་ཁྲོམ་ར་བདེ་འཇགས་གོ་རིམ་ལྡན་པ་དང་མི་གཡང་དར་ཞིང་རྒྱས་པའི་རྣམ་པ་བཟང་པོ་མངོན་ཡོད།
གཙོ་གནས་མཛེས་ལྗོངས་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ། རྒྱུས་ལོན་བྱུང་བ་ལྟར་ན།བདེ་ཆེན་ཁུལ་གྱི་ལྟེ་བའི་ཡུལ་སྐོར་དམིགས་ས་པོ་ཏ་མཚོ་དང་སུམ་རྩེན་གླིང་། རྡོ་མཁར་རྫོང་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ནི་ན་ནིང་དུས་མཚུངས་ལས་ཅུང་མང་དུ་ཕྱིན་ཡོད། འདིའི་ཁྲོད་པོ་ཏ་མཚོའི་ལྗོངས་ཁུལ་གྱི་ཉིན་གཅིག་གི་སྣེ་ལེན་བྱེད་ཚད་མི་ཐེངས་4000ལས་བརྒལ་བ་དེ་དུས་མཚུངས་ལས་10%འཕར་བ་དང་དེའི་ནང་ཡུལ་སྐོར་ཐར་ཐོར་བ་ནི་དུས་མཚུངས་ལས་20%འཕར་ཡོད། བསྡོམས་རྩིས་བྱས་པ་ལྟར་ན།ཟླ5པའི་ཚེས1ཉིན།བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་སྟག་མཆོང་གྲོག་རོང་དང་ཁ་བ་དཀར་པོ། པོ་ཏ་མཚོ་སོགས་མཛེས་ལྗོངས་ཁུལ་སོགས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་15245ལ་སྣེ་ལེན་བྱས་ཡོད། འདི་ལས་གཞན།སེམས་ཀྱི་ཉི་ཟླ་ཏན་སྤྲེའུ་སྤུ་སེར་ལྗོངས་ཁུལ་དང་འབའ་ལྷག་དཀར་རྫོང་གྲོག་རོང་ཆེན་མོ།ཤྭ་ཁ་རི་བོ་སོགས་མཛེས་ལྗོངས་ཁུལ་ཁག་གི་ཚ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།
རིག་གནས་ཡུལ་སྐོར་བྱ་འགུལ་ཕུན་སུམ་ཚོགས་པ་དང་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་རྣམ་པར་རྒྱས་པ། གུང་གསེང་རིང་། བདེ་ཆེན་ཁུལ་གྱིས་ད་དུང་ཡུན་ནན་གྱི་ཞབས་བྲོ་ཀུན་གྱིས་འཁྲབ་སོགས་ཀྱི་ལྔ་གཅིག་དམངས་ཕན་བྱ་འགུལ་སྤེལ་བ་རེད། བདེ་ཆེན་དམར་དམག་རྒྱང་སྐྱོང་དངོས་མང་བཤམས་སྟོན་ཁང་སོགས་ཀྱང་“ལྔ་གཅིག་”གུང་གསེང་རིང་ཕྲུག་ཁྲིད་ཡུལ་སྐོར་ཀྱི་གདམ་ག་དགའ་ཤོས་སུ་གྱུར་ཡོད།
རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་བར་དྲན་སྐུལ་གནང་དོན། སྔོན་དཔག་བྱས་ན་འབྱུང་འགྱུར་གྱི་ཉིན་འགའ་ལ་ཁུལ་ཡོངས་སུ་འགྲུལ་བ་བཞུད་ཚད་ཅུང་མང་བས། སྐུ་ཉིད་ཀྱིས་ལུགས་མཐུན་ངང་འགྲུལ་བཞུད་འཆར་འགོད་བྱེད་རོགས།