རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་བ་ཕྱིར་སྐྱོད་པར་འགན་སྲུང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལྔ་གཅིག་གུང་གསེང་སླེབས་དུས།སེམས་ཀྱི་ཉི་ཟླའི་འབབ་ཚུགས་དང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་ནས་ཡུལ་སྐོར་བ་དུས་རྒྱུན་ལས་མང་བ།

    ཕྱིར་སྐྱོད་ཁོར་ཡུག་ལེགས་པོ་ཞིག་གཏོད་ཆེད། སེམས་ཀྱི་ཉི་ཟླའི་འབབ་ཚུགས་ཀྱིས་མེ་འཁོར་བསྐྱར་འབྲེལ་བྱ་ཐབས་སྤྱད་དེ་ཡུལ་སྐོར་བའི་ཕྱིར་སྤྱོད་དགོས་མཁོ་སྐོང་བ།བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་སྒྲིག་ཆས་རིམ་སྤར་དང་ཉེན་ཁ་སྔོན་འགོག་ཚོད་འཛིན།ཞབས་འདེགས་ལེགས་སུ་གཏོང་བ་སོགས་འགན་སྲུང་ལས་ཀ་ཁག་སྐུལ་འདེད་བཏང་ནས་བདེ་འཇགས་དང་སྟབས་བདེ།སྐྱིད་པའི་ཕྱིར་ཐོན་ཁོར་ཡུག་གཏོད་པ་དང་ཡུལ་སྐོར་བའི་ཕྱིར་སྤྱོད་ལ་སྲུང་སྐྱེལ་བྱས།

    སེམས་ཀྱི་ཉི་ཟླའི་འབབ་ཚུགས་ཀྱིས་འགྲུལ་རྒྱུན་འགྱུར་ལྡོག་གི་གནས་ཚུལ་ལ་དོ་སྣང་བྱས་ནས།འབབ་ཚུགས་ནང་འགྲོ་ས་དང་བདེ་ཞིབ་བྱེད་སར་གཅེས་སེམས་བགྲོད་ལམ་བཀོད་སྒྲིག་བྱས་པ་དང་སྐྱེལ་འདྲེན་ནུས་ཤུགས་མཐོ་རུ་གཏོང་བ་དང་ཆབས་ཅིག་ས་གནས་ཀྱི་སྤྱི་འཁོར་ཀུང་སི་དང་མཐུན་སྦྱོར་གང་ཐུབ་བྱས་ཏེ་སྒུལ་འཁོར་གྱི་འཁོར་ཐེངས་ལ་གཞིགས་ནས་སྤྱི་འཁོར་གྱི་འཁོར་ཐེངས་བཀོད་སྒྲིག་བྱས་ནས་ཡལ་སྐོར་བའི་སྤྱི་སྤྱོད་ལ་སྟབས་བདེ་ཕྱིན། གྲངས་ཉུང་མི་རིགས་ཀྱི་ཡུལ་སྐོར་བ་དང་རྒྱལ་སྤྱིའི་ཡུལ་སྐོར་བའི་ཕྱིར་སྐྱོད་ལ་ཞབས་ཞུ་ཡག་པོ་བྱེད་ཆེད་སེམས་ཀྱི་ཉི་ཟླ་འབབ་ཚུགས་ཀྱིས་མི་རིགས་ཁྱད་ལྡན་དང་རྒྱལ་སྤྱིའི་ཞབས་འདེགས་ཚད་གཞི་མཉམ་འདྲེས་བྱས་ནས་ཁྱད་ལྡན་ཞབས་ཞུའི་སྟེབས་བུ་དང་མི་རིགས་མཐུན་སྒྲིལ་དཔེ་སྟོན་ལས་གནས་བཀོད་སྒྲིག་བྱས།

    བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་དུས་ཆེན་གོང་གི་བདེ་འཇགས་ཞིབ་བཤེར་བྱས་པ་དང་འཁོར་འཇོག་ར་བའི་དངུལ་ལེན་འཕྲུལ་ཆས་རིག་ནུས་ཅན་གྱི་བསྒྱུར་བཀོད་ལེགས་སྒྲུབ་བྱས། མཁོ་བསྟུན་ཐག་གཅོད་བྱེད་རིམ་དང་བྱ་ཐབས་གཏན་འབེབས་ཞིབ་ཕྲ་བྱས།སྡེ་ཁག་མང་པོ་སྒྲིག་འཛུགས་བྱས་ནས་མཁོ་བསྟུན་ནང་སྦྱོང་བྱས།དཔྱིད་དུས་གནས་སྤོ་བྱ་རིགས་མང་བར་བསྟུན་ནས་སྐོར་ཞིབ་ཚོ་ཆུང་བསྣན་ཏེ་བདེ་འཇགས་ཁོར་ཡག་བརྟན་དུ་འཛུགས།རྒྱུག་ལམ་དང་ཆུ་འབུད་མ་ལག་སོགས་ཞིབ་བཤེར་བྱས་ནས་རྒྱུག་ལམ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད། ཆུ་རྒྱས་དུས་ཀྱི་སྔོན་ཇུས་འཐུས་ཚང་དུ་བཏང་ནས་འབུར་ཐོན་གནས་ཚུལ་ཐག་གཅོད་བྱེད་ཤུགས་མཐོ་རུ་གཏོང་།