རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་5པའི་ཚེས་1ཉིན།བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་། བདེ་ཆེན་ཁུལ་རིག་གནས་ཁང་དང་བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་ཁང་བཅས་ཀྱིས་མཉམ་འབྲེལ་སྒྲུབ་འགན་འཁུར་བའི་“ཀུན་གྱིས་ཡུན་ནན་གྱི་ཞབས་བྲོ་འཁྲབ་པ་”དང་“འཁྲུག་ཆ་དོད་པའི་སེམས་ཀྱི་ཉི་ཟླ། མཉམ་དུ་སྣ་མང་རིག་གནས་སྤྱོད།”ཞེས་པའི་ལྔ་གཅིག་དམངས་ཕན་བྱེད་སྒོ་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་པ།
བྱེད་སྒོའི་ཡུལ་དངོས་སུ་འཁྲབ་སྟོན་པས་རྒྱ་རིགས། བོད་རིགས་དང་འཇང་རིགས་སོགས་མི་རིགས་ཁག་གི་གླུ་གར་འཁྲབ་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སེམས་ཀྱི་ཉི་ཟླར་དེ་བས་མཛེས་སུ་བཞད་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཁོ་ཚོའི་གསོན་ཉམས་ལྡན་པའི་འཁྲབ་སྟོན་ལ་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཐོབ་པ་རེད།
ཤེས་གསལ་བྱུང་དོན། ཟླ་5པའི་ཚེས་1ཉིན་ནས་ཚེས་4ཉིན་བར། དངོས་མིན་རིག་གནས་འཁྲབ་སྟོན།ཀུན་གྱིས་མི་རིགས་སྣ་མང་གི་ཐང་ཆེན་ཞབས་བྲོ་འཁྲབ། མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་རྡོ་མཁར་རྫོང་དུ་སྤེལ་རྒྱུ།