དབྱར་གནང་སྐབས་བདེ་ཆེན་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླའི་ལྗོངས་ཁུལ་ཁག་དབྱར་གནང་སྐབས་ཀྱི་ཡུལ་སྐོར་བ་ཆེས་མང་བའི་དུས་ཚིགས་སུ་སླེབས་པས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རེས་སྐོར་གསར་བའི་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་རེད།ཟླ7པའི་ཚེས་5ཉིན་ནས་བཟུང་།སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཉིན་རེར་ཡུལ་སྐོར་བ་མི6000ལྷག་སྣེ་ལེན་བྱས་པ་དང་།ཟླ7པའི་ཚེས་19ཉིན་ནས་བཟུང་ཉིན་རེར་ཡུལ་སྐོར་བ་མི་ཁྲི1ལྷག་ཙམ་དུ་འཕར་བ་རེད།ཉེ་བའི་ཉིན་འདི་དག་རིང་།ཉིན་ལྟར་ཡུལ་སྐོར་དུ་ཡོང་མཁན་གྱི་ཆ་སྙོམས་བྱས་ན་མི་ཁྲི1ཡན་ཟིན་པ་རེད།

    ཟླ7པ་ནས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡོང་མཁན་གྱི་ཡུལ་སྐོར་བ་ནི་ཇེ་མང་དུ་སོང་ཡོད་པས་ཡུལ་དངོས་སུ་འདུ་འཛི་ཧ་ཅང་ཆེ།བསྡོམས་རྩིས་བྱས་པ་ལྟར་ན།ཟླ7པའི་ཚེས30ཉིན་བར།ལྗོངས་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི29.37སྣེ་ལེན་བྱས་ལ།ཉིན་གཅིག་ལ་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་ཆེས་མཐོ་བའི་ཚད་ནི་མི་ཐེངས་ཁྲི་1.4ཡིན་པ་རེད།

    དབྱར་གནང་གི་སྐབས་སུ།བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་ཡང་ཡུལ་སྐོར་བ་མང་ཆེ་བ་བདེ་ཆེན་ལ་རྒྱུས་ལོན་བྱེད་པའི་ལམ་བུ་གལ་ཆེན་ཞིག་ཏུ་འགྱུར་ཡོད་དེ།སྤྱི་དམངས་ཀྱིས་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་བྱེད་པའི་དགོས་མཁོ་ཇེ་ཆེར་སོང་ཡོད།ཉིན་ཤས་བསྟུད་མར་དངོས་མང་བཤམས་སྟོན་ཁང་གི་ཉིན་རེར་ཆ་སྙོམས་བྱས་ན་ལྟ་སྐོར་བ་མི་ཐེངས5000ཡན་སྣེ་ལེན་བྱེད་བཞིན་ཡོད།དངོས་མང་བཤམས་སྟོན་ཁང་གིས་སྒོ་དབྱེའི་དུས་ཚོད་འོས་འཚམ་རིང་དུ་གཏོང་བ་དང་།རང་ངོས་ཀྱི་འགྲེམས་ཁང་གི་ཁྱད་ཆོས་གཞིར་བཟུང་རྣམ་པ་སྣ་མང་གི་འགྲེམས་ཁང་དང་སློབ་གསོ་བྱེད་སྒོ་སོགས་ཇུས་འགོད་བྱས་ནས་སྤྱི་དམངས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད།