གནས་ཆེན་ཁ་བ་དཀར་པོའི་མཚམས་སྤྲིན་མཐོང་བ་ཀུན་སྨོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།




 ནམ་ཟླ་དབྱར་དུ་སླེབས་པས་ཡུལ་ཕྱོགས་ཀུན་ལ་བཀྲ་ཤིས་གཡང་དུ་ཆགས་པའི་སྐྱིད་སྣང་འཆར།    དེ་ཡང་གསེར་མདོག་གི་ཉི་མ་གཞོན་ནུས་ཉིན་གཅིག་གི་འཕྲིན་ལས་ཡོངས་སུ་རྫོགས་ནས་ནུབ་རིའི་ཕང་བར་བཞུད་ཙ་ན།   སྐབས་འདིའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ངམ་འཇོལ་རྫོང་ཁོངས་ཀྱི་ཁ་བ་དཀར་པོའི་གངས་རིའི་མུ་ཁྱུད་ཀྱི་ཁོ་ར་ཁོར་ཡུག་ཀུན་དུ་མཚམས་སྤྲིན་ལྷོག་ལྷོག་ཏུ་འཁོར་ཞིང་རླུང་གི་སྩོལ་བ་དང་བསྟུན་ནས་དུས་ངེས་མེད་དུ་འཕྱོ་ཞིང་ལྡིང་ལ་གངས་རིའི་རྩེ་མོར་མ་བྲིས་ལྷུན་གྱིས་གྲུབ་པའི་རང་བྱུང་གི་རི་མོ་སྣ་ཚོགས་ངང་གིས་བྱོན་པ་དག་ནི་ལྟ་ན་སྡུག་ཅིང་ཡིད་སེམས་འགུགས་པ་ཞིག་རེད་ཨང་།