སེམས་ཀྱི་ཉི་ཟླའི་ཉི་ཤར་གྱི་རྫ་ནག་བཟོ་བའི་བརྒྱུད་རིམ་འདི་ན་གསལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-07-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


     ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོའི་ཐང་སྟོད་གྲོང་མིའི་ཚོ་ཆུང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་འཁོར་ལམ་སྐར་མ་25ལས་མེད།   ཡུལ་འདིའི་ཉི་ཤིར་རྫ་ནག་དང་རྫ་ཁོག་བྱ་ཤ་ནི་ཉེ་འཁོར་ཡུལ་ལུང་གང་དུ་སྐད་གྲགས་ཆོད་ཡོད།   དེང་སྐབས་ས་ཆ་འདིར་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད་ནས་དམངས་སྲོལ་རིག་གནས་ཉམས་སུ་མྱོང་མཁན་མང་པོ་བྱུང་གི་ཡོད།   གལ་སྲིད་ཁྱེད་ཀྱིས་ཀྱང་རྫ་ནག་བཟོ་བའི་བརྒྱུད་རིམ་་ལ་ཤེས་རྟོགས་དང་རང་ཉིད་ཀྱང་ཐོན་རྫས་བཟོ་བའི་གོ་རིམ་ནང་ཞུགས་འདོད་ན་ཐང་སྟོད་གྲོང་མི་ཚོ་ཆུང་དུ་ཕེབས་དང་།   ཁྱེད་ལ་སྤྲོ་སྣང་དང་མཚར་སྣང་མང་པོ་ཞིག་སྦྱིན་ཐུབ་པའི་ཡིད་ཆེས་ཡོད།