ལག་ཁྱེར་ཁ་པར་གྱི་ས་ཡོམ་ཉེན་བརྡ་གཏོང་བའི་བྱེད་ནུས་འདི་ཨེ་ཤེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-11   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

  ཟླ9པའི་ཚེས5ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་ཁ་རྫོང་དུ་ས་ཡོམ་ཚད་རིམ6.8བྱུང་བ་རེད།  ཚེས8ཉིན་གྱི་ཆུ་ཚོད12ཀྱི་བར་དུ། ལྕགས་ཟམ་ཁ་རྫོང་དུ་བྱུང་བའི་ས་ཡོམ་ཚད་རིམ6.8ལས། མི86རྐྱེན་ལམ་དུ་ཤོར་བ་དང་། མི35ལ་འབྲེལ་ཆད་བྱུང་བ། མི400ལྷག་ལ་རྨས་ཕོག་ཡོད་པ་རེད།དུས་མཚུངས་སུ། སྨྱན་སྦྱོར་མི་ཉུང་བ་ཞིག་གིས་གསར་འགོད་བྱས་པ་ལྟར་ན། ས་ཡོམ་བྱུང་བའི་སྔོན་ལ། སི་ཁྲོན་དང་ཁྲུང་ཆིང་གི་སྡོད་དམངས་ཀྱིས་རང་ཉིད་ཀྱི་ལག་ཁྱེར་ཁ་པར་ནང་དུ་ས་ཡོམ་གྱི་ཉེན་བརྡ་བྱུང་ཚུལ་དྲ་ཐོག་ཏུ་སྤེལ་ཡོད་པ་དང་། དེའི་ནང་དུ་ཁྲུང་ཆིང་གི་དྲ་གྲོགས་ཤིག་ལ་ཉེན་བརྡ་འབྱོར་བའི་བཅད་རིས་སུ། “སྐར་ཆ64ཡི་རྗེས་ལ། ས་ཡོམ་འཕྲེད་རླབས་ཁྲུང་ཆིང་གྲོང་ཁྱེར་ཅང་པེ་ཁུལ་དུ་ཐོན་པ་དང་། ཡོམ་ལྟེ་སི་ཁྲོན་ལྕགས་ཟམ་ཁ་ན་ཡོད་པ། ཉེན་བརྡའི་ཡོམ་ཚད6.9ཡིན་པ། ཡོམ་ཚོར་ཅུང་ཆེ་བ་རེད”ཅེས་གསལ་བོར་བསྟན་ཡོད།


 

པར་རིས་བདེ་འཇགས་པེ་ཅིང་ཞེས་པ་ལས་དྲངས།

    ས་ཡོམ་གྱི་ཉེན་བརྡ་གཏོང་བའི་བྱེད་ནུས་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་དང་། གནད་འགག་གི་དུས་སུ། སྐར་མ་གང་གི་སྔོན་ལ་འབྱོར་བའི་ཉེན་བརྡ་འདི་ཡིས། ང་ཚོ་ལ་མགྱོགས་མྱུར་ཉེན་གཡོལ་གྱི་དུས་ཚོད་རྩ་ཆེན་བྱིན་ཡོད། ཡིན་ནའང་། མི་མང་པོས་ད་དུང“ས་ཡོམ་གྱི་ཉེན་བརྡ་གཏོང་བའི་བྱེད་ནུས”འདི་ཇི་ལྟར་སྤྱོད་པའང་ཤེས་མེད།“ཆུ་མ་ཡོང་གོང་གི་རགས”འདི་རྩིག་པ་ལ། སྐར་ཆ10མ་གཏོགས་མི་དགོས། གཤམ་དུ་ཚང་མར“ས་ཡོམ་གྱི་ཉེན་བརྡ་གཏོང་བའི་བྱེད་ནུས”འདི་ཇི་ལྟར་སྤྱོད་པ་བཤད་ཡོད།ལག་ཁྱེར་ཁ་པར་མི་འདྲ་བའི“ས་ཡོམ་གྱི་ཉེན་བརྡ་གཏོང་བའི་བྱེད་ནུས”ཀྱི་ཁ་འབྱེད་སྟངས་ལ།གཅིག ཧྭ་ཝེ(华为)ཁ་པར།སྒྲིག་འགོད(设置)→བདེ་འཇགས(安全)→འཚུབ་ཟློག་ཉེན་བརྡའི་བརྡ་སྦྱོར(应急预警通知)→ས་ཡོམ་ཉེན་བརྡ།(地震预警)གཉིས། ཞའོ་སྨི(小米)ཁ་པར།ཁ་པར་གྱི་གཉེར་པ(手机管家)→ཁྱིམ་མིའི་ཐུགས་ཁུར(家人关怀)→ས་ཡོམ་ཉེན་བརྡ།(地震预警)གསུམ། རུང་ཡའོ(荣耀)ཁ་པར།སྒྲིག་འགོད(设置)→བདེ་འཇགས(安全)→འཚུབ་ཟློག་ཉེན་བརྡའི་བརྡ་སྦྱོར(应急预警通知)→ས་ཡོམ་ཉེན་བརྡ།(地震预警)བཞི། OPPOདང་དབྱི་ཅ།(一加) ཀྲེན་ཝོ(真我)བཅས་ཀྱི་ཁ་པར།སྒྲིག་འགོད་གཏན་འཁེལ(设定)→བདེ་འཇགས(安全)→SOSབྲེལ་མྱུར་འབྲེལ་གཏུག(SOS紧急联络)→རང་བྱུང་གནོད་འཚེའི་ཉེན་བརྡ(自然灾害警报)→ས་ཡོམ་ཉེན་བརྡ།(地震警报)ལྔ། vivoདངiQOOཁ་པར།ནམ་ཟླའིApp(天气App)→སྒྲིག་འགོད(设置)→ས་ཡོམ་ཉེན་བརྡ(地震预警)→ས་ཡོམ་ཉེན་བརྡའི་ཞབས་ཕྱི་སྤྱོད་པ།(启用地震预警服务)དྲུག ཀུ་ཤུ(苹果)དང་སན་ཞིན(三星)ཁ་པར། གོང་དུ་མ་ཚུད་པའི་ཁ་པར་གཞན་རིགས།“ས་ཡོམ་ཉེན་བརྡ(地震预警)”ཞེས་པའི་གནད་ཚིག་འཚོལ་བཤེར་བྱས་རྗེས། འབྲེལ་ཡོདAppཕབ་ལེན་བྱེད་པ།རང་ཉིད་ཀྱི་བཀོལ་སྤྱོད་བྱེད་པའི་ཁ་པར་ནང་གི“ས་ཡོམ་ཉེན་བརྡ”ཞེས་པའི་བྱེད་ནུས་འདི་ངེས་པར་དུ་སྤྱོད་དགོས་པར་མ་ཟད། ད་དུང་ཕ་མ་དང་ཁྱིམ་མིའི་ཁ་པར་ནང་གི་བྱེད་ནུས་འདི་ཡི་ཁ་འབྱེད་རོགས་བྱ་རྒྱུ་ཡང་མ་བརྗེད་ཅིག

    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས།  མ་ཡིག་མི་དམངས་དྲ་བའི་ཚན་སྤེལ་ལས་དྲངས།