ཉི་མ་ལྷ་མོའི་ལོ་ངོ20རིང་གི་སྦྲག་སྐྱེལ་ལམ་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        1976ལོའི་ཟླ་9པར་ཉི་མ་ལྷ་མོ་ལགས་འཇོལ་རྫོང་ཡུན་ལིན་ཤང་དུ་སྐྱེས་པ་དང་ཆུང་དུས་ནས་འཕྲིན་ཡིག་འབྱོར་བའི་སྤྲོ་སྣང་ལས་ཉི་མ་ལྷ་མོས་སྦྲགས་སྲིད་གཏོང་མཁན་ཚོར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། 1999ལོར་ལོ་23ལ་སླེབས་པའི་ཉི་མ་ལྷ་མོས་རང་འགུལ་ངང་ས་གནས་དེ་གའི་སྦྲག་སྲིད་ཁང་དུ་མིང་ཐོ་འགོད་པར་བསྐྱོད་རྗེས་འདེམས་སྒྲུག་བྱས་པ་བརྒྱུད་ཁོ་མོས་ལོ་20ལྷག་གི་རིང་ལ་སྦྲག་སྲིད་མྱུར་སྐྱེལ་བྱ་གཞག་སྤེལ་འགོ་ཚུགས་པ་རེད། འོན་ཀྱང་གངས་ལྗོངས་ས་མཐོའི་སྦྲག་སྐྱེལ་ལས་དོན་ལ་བསམ་ཡུལ་ལས་འདས་པའི་དཀའ་ཚེགས་དང་དཀའ་ངལ་མང་པོ་འཕྲད་ཡོད།

        ཉི་མ་ལྷ་མོའི་སྦྲག་སྐྱེལ་གྱི་ལམ་བུ་ནི་པད་མ་གངས་རི་དང་ཁ་བ་དཀར་པོའི་གྲོག་རོང་ཁུལ་དུ་གནས་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་350ཡོད། སྦྲག་སྐྱེལ་ལམ་དུམ་མང་ཆེ་བ་ནི་གཡང་གཟར་ཆེ་ཞིང་ལམ་གྱོག་མང་ལ།  དུས་རྟག་ཏུ་བྲག་རྡོའི་ལྷུང་བབ་དང་། རི་ཉིལ་བ།  འདམ་རྡོའི་ཆུ་རུད་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། སྐབས་དེ་དུས་ཟམ་པ་བསྐྲུན་མེད་པས་དྲག་ཏུ་རྒྱུག་པའི་རྫ་ཆུའི་ཁ་སྤྲོད་དུ་སྐྱོད་དགོས་ཚེ་འབྲེང་ཟམ་བརྟན་པོ་ཞིག་བཙུགས་ནས་འགྲོ་བ་ལས་ཐབས་མེད།   ལྷག་པར་ཆར་པ་འབབ་པའི་དུས་སུ་ཐག་པས་ཟྭ་དགག་ཐུབ་ཀྱི་མེད་པ་མ་ཟད། ད་དུང་རྟག་ཏུ་ཆུའི་ཕ་རོལ་གྱི་འགྲམ་ངོགས་ལ་བརྡུངས་ནས་ལུས་པོ་དང་སྐྱི་ལྤགས་ལ་གནོད་འཚེ་བཏང་བ་གྲངས་མེད་ཡིན། 

     

        ཉེན་ཁ་ཆེ་བའི་སྦྲག་སྐྱེལ་ཁོར་ཡུག་གི་མདུན་དུ། ཉི་མ་ལྷ་མོས་དེ་སྔ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གི་སེམས་ནང་ཐོག་མཐའ་བར་གསུམ་དུ“ངེས་པར་དུ་གཙང་པོ་སྒྲོལ་དགོས་པ་དང་།  ངེས་པར་དུ་སྦྲག་སྲིད་སྐྱེལ་དགོས”ཞེས་པའི་དད་སེམས་བཅངས་ནས་སྦྲག་སྲིད་རེ་རེ་དུས་ཐོག་ཏུ་བསྐྱལ་ཡོད།     གྲོང་མི་ཚོར་ཡི་གེ་འབྱོར་སྐབས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་འགྱུར་ལ་ཕྱིར་དྲན་བྱེད་སྐབས་ཁོ་མོས་གདོང་ལ་འཛུམ་ལངས་བཞིན།སྐབས་དེ་དུས་ཀྱི་འཕྲིན་གཏོང་ཡོ་བྱད་ཁོ་ན་དེ་ནི་འཕྲིན་ཡིག་རེད།  འཕྲིན་ཡིག་དེ་དག་ནང་ད་དུང་སློབ་མའི་སློབ་བསྡུའི་བརྡ་ཐོ་ཡོད་པས་ངས་འཕྲིན་ཡིག་དེ་དག་ཡི་གེ་ལེན་མཁན་གྱི་ལག་ཏུ་འབྱོར་སྐབས་ཁོང་ཚོ་ཚང་མ་ཧ་ཅང་དགའ་པོ་བྱུང་ལ་ང་རང་ཡང་ཧ་ཅང་དགའ་པོ་བྱུང་ཞེས་ཟེར། 

        2021ལོར་ཉི་མ་ལྷ་མོ་མ་དཔེའི་བྱས་པའི་གློག་བརྙན་《དད་མཁན》ཞེས་པ་དེ་འགྲེམས་སྤེལ་བྱས་ཤིང་།    སྦྲག་སྲིད་རང་གི་ལུས་ལ་བཅངས་ནས་དེ་ནི་རང་གི་ལུས་པོའི་ཆ་ཤས་ཤིག་ཏུ་གྲུབ་པར་བྱེད་ཅེས་པ་འདི་ནི་གློག་བརྙན་ནང་གི་འཁྲབ་ཚིག་ཅིག་ཡིན་ལ།   ཉི་མ་ལྷ་མོར་ལོ་23རིང་གི་ལས་རིགས་འཚོ་བའི་མཚོན་ཚུལ་ངོ་མ་ཞིག་ཀྱང་ཡིན།

 

        ཉི་མ་ལྷ་མོར་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་རྟགས་མ”“ཡུན་ནན་གྱི་བུད་མེད་ཕུལ་བྱུང་བཅུ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

        ད་ཆ་ཉི་མ་ལྷ་མོའི་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གྲོང་ཚོར་ཟམ་པ་དང་ལམ་ཤར་གཏོང་ཐུབ་ཡོད་པ་མ་ཟད། ལག་ཐོགས་ཁ་པར་གྱི་བརྡ་རྟགས་དང་དྲ་རྒྱ་ཡང་ཤར་གཏོང་ཐུབ་ཡོད། གློག་རྡུལ་ཚོང་དོན་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཉི་མ་ལྷ་མོས་རང་འགུལ་ངང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ལས་སྒོའི་འགན་འཁྲི་ཕྲག་ཏུ་བླངས་ཡོད་ནས་རྒྱ་ཆེའི་མང་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་ཡོད།

        2019ལོར། ཉི་མ་ལྷ་མོས་མིང་བཏགས་པའི་ངལ་རྩོལ་དཔེ་བཟང་ཅན་གྱི་གསར་གཏོད་ལས་དོན་ཁང་དངོས་སུ་སྒོ་བྱང་བཀལ་ནས་སྒོ་འབྱེད་བྱས་པ་དང་། ལོ་གཉིས་ལྷག་ཙམ་རིང་དབུལ་སྐྱོར་རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱས་པ་བརྒྱུད།  ཉི་མ་ལྷ་མོ་ཡིས་སྦྲག་སྲིད་གློག་རྡུལ་ཚོང་དོན་སྟེགས་བུ་དང་ཟོག་འགྲེམས་ཐབས་ལམ་ལ་བརྟེན་ནས་ཡུལ་མི་ཚོར་དངོས་ཟོག་འཚོང་རོགས་བྱས་ཤིང་། ཕ་ཡུལ་གྱི་རྒུན་ཆང་དང་། སྟར་ཁ།  བེ་ཤ  སེ་འབྲུ།   སེའུ་སོགས་ཁྱད་ལྡན་ཐོན་རྫས་རི་ཁུལ་ཕྱི་རོལ་དུ་བཙོངས་ནས་རྐང་འོག་གི་ཡིག་སྐྱེལ་ལམ་བུ་དེ་ཕ་ཡུལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱེད་པའི་བདེ་སྐྱིད་ལྡན་པའི་ལམ་བུ་ཞིག་ཏུ་གྱུར་ཡོད་པ་རེད།