བདེ་ཆེན་གྱིས་བློ་སེམས་གཅིག་མཐུན་ངང་འཆམ་མཐུན་རི་མོ་འབྲི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

        ཉེ་ཆར། ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རྩ་འཛུགས་བྱེད་པའི་བགྲོད་ལམ་གསར་པར་འབད་པས་བསྐྱོད། དུས་རབས་གསར་པར་བྱས་རྗེས་འཇོག་སྟེ་ཕུལ་བྱུང་གི་ལོ་ངོ་བཅུ་ཞེས་བརྗོད་བྱའི་གཙོ་བོའི་བཅར་འདྲི་ཚོགས་པས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཞུགས་པ་དང་།  ཡུལ་དངོས་ནས་བདེ་ཆེན་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་བར་ཐོབ་པའི་གྲུབ་འབྲས་རྒྱུས་ལོན་བྱུང་བ་རེད།      ཉེ་བའི་ལོ་ཤས་རིང་།  བདེ་ཆེན་ཁུལ་གྱིས་རྒྱུན་མཐུད་དུ་གྲོས་དོན་དང་པོ་དང་གཡུལ་ས་དང་པོ།  སློབ་ཁང་དང་པོ།  རང་རྟོགས་དང་པོ།  བརྟན་ལྷིང་སྲུང་སྐྱོང་དང་པོ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞི་རང་བཞིན་གྱི་བྱ་གཞག་དུ་བྱས་ནས་དམ་འཛིན་པ་དང་།  མི་རིཊ་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ།  ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་ཞེས་པའི་ཐུན་མོང་གི་ངོས་འཛིན་ཆཊ་ཡོད་པ་དང་།  གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས།  རི་སྔོ་ཆུ་དྭངས།  མི་དམངས་བདེ་ཞིང་སྐྱིད་པའི་འཆམ་མཐུན་གྱི་རི་མོ་གསར་པ་ཞིག་འགྲེམས་པ་རེད།

    

        གྲོང་གསེབ་གཞུང་ལམ་གྱིས་བདེ་སྐྱིད་འཚོ་བ་སྦྲེལ།

        ཉེ་བའི་ལོ་འགའི་རིང་།  བདེ་ཆེན་ཁུལ་གྱིས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་ཡང་དག་བྱས་པ་དང་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་བཟོ་བ། གོ་སྐབས་དམ་འཛིན་བྱས་ནས་དམངས་འཚོ་ལེགས་བཅོས་དང་འཕེལ་རྒྱས་ལ་ཞབས་ཞུ་དེ་རྩ་བའི་གཞི་འཛིན་སར་བྱས་ཏེ།  ཕྱོགས་ཡོངས་ནས་མྱུར་བགྲོད་གཞུང་ལམ་དང་ལམ་གཙོ་བོ། སྦྲེལ་ལམ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།  ལྷོར་ས་དམ་དང་ཏ་ལིའི་བར་མཐུད་དེ་ཡུན་ནན་དབུས་རྒྱུད་དུ་འདྲེས་པ་དང་།  ཤར་ནས་ཞི་ཁྲང་ལ་མཐུད་དེ་ཁྲེང་ཡུས་དང་སྦྲེལ་བ།  བྱང་ནས་ཆབ་མདོ་ལ་མཐུད་དེ་བོད་ལྗོངས་དང་སྦྲེལ་བ།  ནུབ་ཏུ་ནུའུ་ཅང་ལ་མཐུད་པའི་འགྲིམ་འགྲུལ་དྲ་རྒྱ་ཆགས་ཡོད་པ་དང་།  རྫོང་བར་གྱི་གཞུང་ལམ་མྱུར་བགྲོད་ཅན་དུ་བཟོ་བ་དང་ཕན་ཚུན་སྦྲེལ་མཐུད་མཐོ་རིམ་ཅན།  ཤང་དང་གྲོང་སྡེའི་ལམ་བུ་རིམ་པ་ཅན།  འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་མཛེས་སྡུག་ཅན་བཅས་མངོན་འགྱུར་བྱུང་བར་འབད་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་བཞེངས་སྐྲུན་ལ་རོགས་འདེགས་ཡག་པོ་བྱེད་པ།   མིག་སྔར།  ཁུལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་8689ཟིན་པ་དང་2012ལོ་དང་བསྡུར་ན་60.35%འཕར་ཡོད།

        ལོ་ངོ་10ཡི་རིང་།  བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་བརྒྱུད་དེ་མ་དངུལ་གྲབས་གསོག་བྱེད་པ་དང་ནུས་ཤུཊ་ཡོད་རྒུས་གྲོང་གསེབ་གཞུང་ལམ་དང་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་འཛུཊ་སྐྲུན་ལ་རྒྱབ་སྐྱོར་བྱས་པ།  མིག་སྔར།  ཁུལ་ཡོངས་ཀྱི་ཤང་གྲོང་29རུ་སྣུམ་ནག་ལམ་བུ་དང་འགྲུལ་སྐྱེལ་རླངས་འཁོར་100%ཤར་གཏོང་ཐུབ་ཡོད་པ་དང་།  སྲིད་འཛིན་གྲོང་ཚོ་196ཏུ་བགྲོད་ལམ་སྲ་འགྱུར་གྱི་ལམ་ཐག་སྤྱི་ལེ་1578ཟིན་ཡོད་དེ་སྲ་འགྱུར་བྱེད་ཚད་100%ཟིན་ཡོད།   གྲོང་མི་ཚོ་ཆུང་2256ལ་བགྲོད་ལམ་ཤར་གཏོང་བྱས་ཡོད་པ་དང་ཤར་གཏོང་བྱས་ཡོད་པའི་ལམ་ཐག་སྤྱི་ལེ་5218ཟིན་ཡོད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་རྒྱལ་ཡོངས་ཡག་པོ་བཞི་ལྡན་གྱི་གྲོང་གསེབ་ལམ་བུའི་དཔེ་སྟོན་རྫོང་དུ་གྱུར་ཡོད། 

 

        མཛེས་པའི་གྲོང་གསེབ་ཀྱིས་ཕ་ཡུལ་དྲན་གདུང་བཅོལ་བ།

        འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པིའེ་གྲོང་ཚོར་ཞིང་སྡེའི་མཛེས་ལྗོངས་ལྟ་ན་སྡུག་པ་དང་།  ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་བཀུག་ཡོད་པ་རེད།

        མཐའ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཐའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་སྤུས་རྟགས་ཀྱིས་ཤུགས་རྐྱེན་འོག  མཐའ་ཆུ་གྲོང་རྡལ་གྱིས་ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་དང་ཡུལ་སྲོལ་གོམས་གཤིས་མྱོང་ཚོར་བྱེད་ས།  གྲོང་གསེབ་ཀྱི་ཁམས་གསོ་ཡུལ་སྐོར་གྲོང་ཆུང་སོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་གཏན་འཁེལ་བྱས་པ་དང་།  ཡུལ་སྐོར་ཐོན་ལས་ཀྱིས་སྐྱེ་ཁམས་དང་རིག་གནས།  མྱོང་ཚོར་གསུམ་པོ་གཞི་གཅིག་ཏུ་མཉམ་འདྲེལ་བྱེད་པའི་འཕེལ་རྒྱས་སྟོན་ཕྱོགས་སྦྲེལ་ནས་མཐའ་ཆུ་གྲོང་རྡལ་འདི་ཉིད་ཡུལ་སྐོར་ཆུང་ངུ་ནས་ཡུལ་སྐོར་ཆེན་པོར་སྒྱུར་བར་སྐུལ་འདེད་གཏོང་ཡོད།

        མིག་སྔར།  འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་ཡུལ་སྐོར་ལས་སྒྲུབ་མི་སྣ་600ཙམ་ཡོད་པ་དང་ཡུལ་སྐོར་སྣེ་ལེན་སྒྲིག་ཆས་ལེགས་བཅོས་ཆེན་པོ་བྱུང་ཡོད།  ལོ་རེའི་དཔལ་འབྱོར་ཡོང་འབབ་ཕལ་ཆེར་སྒོར་ཁྲི་1500ཡོད་པ་རེད།