ཞི་ཅིན་ཕིང་གིས་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ལ་འཕྲིན་ལན་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-16   རྩོམ་ཁུངས།    ཀྲུང་གོའི་བོད་ཡིག་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སློབ་གཉེར་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཞིང་ལས་སྟོབས་ཤུགས་ཆེར་བསྐྱེད་དང་རྒྱལ་ཁབ་ལ་དྲིན་གཟོ་ཞུ་བའི་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པར་ནན་གྱིས་བསྟན།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་། ཀྲུང་གོ་ཞིང་ལས་སློབ་ཆེན་བཙུགས་ནས་ལོ་འཁོར120ལོན་པའི་སྐབས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་པ་དང་། རྒྱ་ཆེའི་སློབ་གྲོགས་ཡོངས་ལ་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱང་སྐྱོད་གསར་པའི་ཐོག ཁྱེད་ཚོས་སློབ་སྒྲུབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཞིང་ལས་སྟོབས་ཤུགས་ཆེར་བསྐྱེད་དང་རྒྱལ་ཁབ་ལ་དྲིན་གཟོ་ཞུ་པ། སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་བའི་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། 

ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་སྔོན་རབས་ནི1905ལོར་བཙུགས་པའི་ཅིང་ཧྲི་སློབ་ཆེན་གྱི་ཞིང་ལས་ཚན་རིག་སློབ་ཆེན་ཡིན་པ་དང་། 1995ལོར་པེ་ཅིན་ཞིང་ལས་སློབ་ཆེན་དང་པེ་ཅིན་ཞིང་ལས་བཟོ་སྐྲུན་སློབ་ཆེན་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་རེད། ཉེ་ཆར་ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་སློབ་གྲྭ་བཙུགས་ནས་ལོ་འཁོར120ལོན་པའི་འཕེལ་རྒྱས་བརྒྱུད་རིམ་དང་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་པ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས། །