སྟོན་དུས་ཤིང་ཏོག་འདི་དག་མཆོད་ན་ལུས་ལ་ཕན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-13   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཚ་དྲོད་ཆེ་བའི་དབྱར་དུས་མཇུག་རྫོགས་ཤིང་། འབྲས་ལྡན་སྟོན་གྱི་དུས་ཚིགས་ཚུར་སླེབས་པས། དུས་ཚིགས་ཀྱི་འགྱུར་བའི་བར་ནས་ང་ཚོའི་ལུས་པོའི་བདེ་ཐང་ལ་ཤུགས་རྐྱེན་སྣ་ཚོགས་ཐེབས་སྲིད། མ་ཟད་འཇིག་རྟེན་མི་རྣམས་ཀྱིས་“སྟོན་དུས་ཤིང་ཏོག་བཟས་ན་ལུས་ལ་ན་ཚ་མི་ཡོང་།”ཞེས་པའི་མན་ངག་ཅིག་སྐྱོར་སྲོལ་ཡོད་པར་ཡང་ཁུངས་ལུང་རྒྱུ་མཚན་མེད་པ་ཞིག་རྩ་བ་ནས་མིན། དེས་ན་གཤམ་ལ་འབྲས་ལྡན་སྟོན་གྱི་དུས་ཚིགས་སུ་གཟུགས་ཁམས་བདེ་ཐང་ལ་ཕན་པའི་ཤིང་ཏོག་འགའ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།

 དང་པོ། ཤིང་འབྲས་རིགས།

1 ལི། 

        ཤིང་འབྲས་ལི་ཡིས་གློ་བ་འཇམ་ཞིང་གློ་ལུ་འཇགས་ཐུབ་པ་དང་། ཚ་ནད་སེལ་ཞིང་ཚ་བ་འཇགས་ཐུབ་པ་མ་ཟད། དེའི་ནང་འཚོ་རྒྱུ་Cདང་E ཅཱ། ཀལ། མཱེ་སོགས་འཚོ་བཅུད་མང་པོ་ལྡན་ཡོད་ལ། ད་དུང་བཟའ་བཅའི་ཚིལ་སྣ་འདུས་ཚད་ཀྱང་མཐོ་བས། རྒྱུ་མ་གཙང་སེལ་བྱེད་པར་ཕན་ཐོགས་ཆེ། 

2 ཀུ་ཤུ། 

        ཀུ་ཤུའི་ནང་སྤྲི་དཀར་དང་བཟའ་བཅའི་ཚིལ་སྣ། འཚོ་རྒྱུ་A  འཚོ་རྒྱུ་Cའཚོ་རྒྱུ་E  གུང་ལ་ཕུག་གི་འཚོ་རྒྱུ་སོགས་འཚོ་བཅུད་ཁག་མང་པོ་ལྡན་པ་དང་། ད་དུང་སྔོ་ཚོད་རྒྱུ་དང་ཏའོ་ཧྥེན།ར་གན་རིགས་སོགས་དབྱང་འགྱུར་འགོག་པའི་རྫས་རྒྱུ་མང་པོ་འདུས་ཡོད་པས། སྙིང་ཁམས་ཁྲག་རྩའི་བདེ་ཐང་ལ་ཕན་ཐོགས་ཆེ། 

3 རྒུན་འབྲུམ། 

        རྒུན་འབྲུམ་ནང་པའེ་ལི་ལུ་ཁྲུན་དང་། སྔོ་ཚོད་རྒྱུ། ཧྭ་སེར་ཀེན། ར་གན་སོགས་དབྱང་འགྱུར་འགོག་པའི་དངོས་པོ་མང་དག་ལྡན་པས། ཁྲག་རྩ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཆེ། 

4 འབྲུ་སེའུ་སྔོན་པོ། 

        འབྲུ་སེའུ་སྔོན་པོའི་ནང་ཀོ་ཅོའོ་(果胶)དང་ར་གན་སོགས་ཕུན་སུམ་ཚོགས་པོ་ལྡན་ཡོད་པ་མ་ཟད། དེའི་ནང་འདུས་པའི་སྔོ་ཚོད་རྒྱུ་ཡིས་མིག་ལ་ཕན་པ་དང་།  རྒས་ཀ་སྲ་བ། རིམས་ནད་འགོག་པ་སོགས་ལ་ཕན་ཐོགས་ཆེ།

གཉིས་པ། སྲ་ཤུན་ཤིང་ཏོག་རིགས།

1 པན་ལི།(板栗)

        པན་ལི་ནང་དུ་འཚོ་རྒྱུ་ཅཱ་མང་པོ་འདུས་ཡོད་པ་དེས་ཁྲག་རྩ་རྒྱས་པར་རོགས་ནུས་ཐོན་ནས་ཁྲག་ཤེད་ཚོད་འཛིན་དང་། སྙིང་ཁ་གསོ་བར་ཕན་ཐོགས་ཆེ། 

2 ཁམ་བུ། 

        ཁམ་བུའི་ནང་སྤྲི་དཀར་རྫས་དང་མཁོ་ངེས་ཚིལ་སྐྱུར། འཚོ་རྒྱུ་E  དེ་བཞིན་དབྱང་འགྱུར་འགོག་པའི་རྫས་རྒྱུ་སོགས་འདུས་ཡོད་པས་ཁྲག་ཚིལ་ལེགས་བཅོས་དང་། གཅིན་པ་མངར་འགྱུར་ནད་དང་སེམས་འཚབ་ནད་སོགས་སྔོན་འགོག་བྱེད་པར་ཕན་ཐོགས་ཆེ། 

3 བ་དམ།

        བ་དམ་ནང་དབྱང་འགྱུར་འགོག་ནུས་ཆེ་བའི་སྐྱེ་དངོས་གྲུང་གཤིས་གྲུབ་ཆ་རིགས་མང་པོ་འདུས་ཡོད་པས། ལུས་པོའི་ནང་དབྱང་འགྱུར་སྐུལ་བསྟུན་གྱིས་ཕྲ་ཕུང་ལ་རྨས་སྐྱོན་བཟོ་བ་ཉུང་དུ་གཏོང་ཐུབ་པའི་རྐྱེན་གྱིས་རྒས་ཀ་སྲ་བ་དང་གཞི་ནད་སྔོན་འགོག་བྱེད་པར་ཕན་ཐོགས་ཆེ།