རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཤིང་ཏོག་ཁ་ཤས་ཕར་བལྟས་འཚོ་བྱེད་བཟང་པོ་ཞིག་ཡིན་སྣང་འཆར་ངེས་ཀྱང་། ཟ་ནོར་ཤོར་ན་ནད་གཞི་ཇེ་སྡུག་ཏུ་འགྲོ་ངེས་པས། མཆེར་པ་དང་ཕོ་བར་སྐྱོན་ཡོད་མཁན་གྱིས་ཤིང་ཏོག་འདི་རིགས་གསུམ་པོ་བཟའ་མི་རུང་།
① སྐྱུར་གཤིས་ལྡན་པའི་ཤིང་ཏོག ཚ་ལུ་མ་དང་སྐྱུ་རུ་ར་སོགས་སྐྱུར་གཤིས་ལྡན་པའི་ཤིང་ཏོག་ལ་ཏན་ཉིང་སྐྱུར་དང་སྤྲི་དཀར་རྩབས་རིགས་འདུས་པས་སྤྲི་དཀར་ཀྱི་རྫས་གཤིས་རང་བཞིན་འགྱུར་ནས་འཇུ་བྱེད་ལ་གནོད་དེ་འབྱར་སྐྱིར་གནོད་སྲིད། ཤིང་ཏོག་ཉིང་མེང་དང་ཅུ་ལེ་སྔོན་པོ་སོགས་སྐྱུར་ཤས་ཆེ་རིགས་ཡང་ཡང་ཟས་ན་ཕོ་བ་སྦོས་སྲིད་པ་དང་། སྐྱུར་ལྡང་ལང་ནས་འཇུ་བྱེད་ལ་གནོད་ངེས་ཤིང་། ཐ་ན་ཕོ་བར་ཚ་ཤལ་སློང་སྲིད། དེ་བས་ཞི་འཇམ་དཔེར་ན་ཀུ་ཤུ་དང་། ཤིང་ཏོག་བིལ་པ། ཤིང་ཏོག་ལན་མེ་སོགས་ཀྱིས་ཕོ་བ་དང་རྒྱུ་མར་འཕྲོད་ཤས་དེ་བས་ཆེ་བ་ཡོད།
② སིལ་བའི་རང་བཞིན་གྱི་ཤིང་ཏོག མཚེར་པ་དང་ཕོ་དྲོད་ཉམས་པ་རྣམས་ཀྱིས་ཆུ་ཀུབ་དང་། མངར་ཀུབ་སོགས་སིལ་བའི་ཤིང་ཏོག་གི་རིགས་ལ་ལྷག་པར་དུ་དོ་སྣང་བྱེད་དགོས་ཏེ། དེ་རིགས་ཀྱིས་མཆེར་པ་དང་ཕོ་བའི་མེ་དྲོད་འཇོམས་སྲིད། ཚད་ལས་བརྒལ་ཏེ་ཟས་ན་འཇུ་བྱེད་ཇེ་ཞན་དུ་འགྲོ་སྲིད། རྒྱུན་མཐོང་གི་མངོན་ཚུལ་ནི་གྲོད་ཁོག་སྦོས་པ་དང་རྒྱུ་མ་ཁྲོག་པ། འཁྲུ་བཤལ་ལྡང་བ་བཅས་རེད།
③ དུས་ཚིགས་ལྡོག་པའི་ཤིང་ཏོག དུས་ཚིགས་མིན་པའི་ཤིང་ཏོག་ནི་རྒྱུན་པར་མིས་སྙོམས་སྒྲིག་བྱེད་པར་བརྟེན་ནས་སྐྱེ་འཚར་བྱེད་ཀྱི་ཡོད། དེའི་བྲོ་བ་དང་འཚོ་བཅུད་ཕལ་ཆེ་བ་ནི་རང་བཞིན་དུ་སྨིན་པའི་དུས་ཚིགས་ཀྱི་ཤིང་ཏོག་ལས་ཞན་པ་ཡོད། ཐག་རིང་ནས་གསོག་འཇོག་དང་སྐྱེལ་འདྲེན་བྱེད་རིང་དུ་སོས་ཉར་དང་འབྲེལ་བ་ཡོད་རིགས་ཀྱིས་ཚོར་བ་སྐྱེན་པའི་ཕོ་བ་དང་རྒྱུ་མར་དོན་མེད་གནོད་གཞི་བཟོ་སྲིད།