རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9ཚེས་24ཉིན་གྱི་ཕྱི་དྲོ་ཁུལ་་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་138འཚོགས་ནས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུའི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་ཁུལ་གྱི་ལག་བསྟར་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་8ཚེས་29ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་དང་ཆབ་སྲིད་ལས་དོན་གྱི་སྲོལ་ཡིག་》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། ཕུགས་བསམ་དང་དད་སེམས་སློབ་གསོར་ཤུགས་སྣོན་བརྒྱབ་ནས“བློ་སྦྱོང་ལས་དོན་”ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་གཏོད་ལས་དོན་རྒྱུན་སྲིང་ངང་གཏིང་ཟབ་སྤེལ་བ།ལྷོད་གཡེང་སྤུ་ཙམ་མི་གཏོང་བར་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་འགོག་ཟོན་ཁ་གཏད་གཅོག་པའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ།བྱ་སྤྱོད་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་གསར་བརྗེའི་ཐོན་ཁུངས་ཀུན་སྤྱོད་ཡག་པོ་བྱེད་པ།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་སྲིང་ངང་སྲ་བརྟན་དང་རྒྱ་སྐྱེད་གཏིང་ཟབ་གཏོང་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དམིགས་བསལ་ལས་གནས་དགེ་རྒན་གྱི་འཐུས་མིར་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་དགེ་རྒན་གྱི་དཔུང་ཁག་ལ་དོ་ཁུར་དང་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱེད་དགོས།
གྲོས་ཚོགས་ཐོག་ནན་བཤད་བྱས་དོན།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་ལྔ་པ་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱས་ནས་དོན་དངོས་དང་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་ཡོང་བར་དོ་སྣང་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱ་དགོས། འགོ་ཁྲིད་ལས་བྱེད་པས་ངོ་བཅར་དང་གཤམ་སྐྱོད་བཅར་འདྲི་ཞུ་བར་སྣེ་ལེན་ཞུ་བའི་ལས་དོན་རྒྱུན་རྣམ་ཅན་དུ་བཏང་ནས་མང་ཚོགས་ཀྱི་བདེ་སྡུག་ཐག་གཅོད་བྱེད་དགོས།གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་དུས་ཆེན་དང་ངལ་གསོའི་དུས་སུ་གློག་སྤྱོད་པར་ཞབས་ཞུའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་།ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ།དཔེ་སྟོན་བྱེད་སྒོ་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“སེམས་དྲོ་བའི་བྱ་སྤྱོད”ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་།འོས་སྐུལ་འོས་དཔོད་ལས་དོན་ཚད་ལྡན་དུ་གཏོང་བ།སྲིད་ཚོང་འགྲོ་འོང་གི“དྲང་ཕྱོགས་དང་།ལྡོག་ཕྱོགས།དར་སྤེལ”བཅས་ཀྱི་གསལ་ཐོ་དོན་འཁྱོལ་ཡག་པོ་བྱེད་པ།སྲིད་ཚོང་གི་འབྲེལ་བ་གསལ་ལ་བརྩེ་སེམས་ལྡན་པ་ཞིག་འཛུགས་དགོས་པ་བཅས་ལ་མཐོང་ཆེན་བྱེད་པ་དང་།རང་འགུལ་ངང་ཞིབ་འཇུག་དང་ནན་ཏན་གྱིས་དོན་དངོས་བསྒྲུབ་པ། ཚོང་འགུག་མ་འདྲེན་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས་པ་བཅས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་སྐབས་གསུམ་པའི་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གྲ་སྒྲིག་བྱས་ཚུལ་གསན་པ་དང་།རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཞིབ་ཆ་དམ་འཛིན་བྱ་རྒྱུ་དེ་བྱེད་སྒོའི་གྲ་སྒྲིག་གི་ཕྱོགས་ཁག་ནང་སྣོན་པ་དང་།དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ།ཞབས་ཞུ་འགན་ལེན་ལེགས་སུ་གཏོང་བ་བཅས་བྱས་ཏེ་བྱེད་སྒོ་བདེ་བླག་ངང་སྤེལ་དགོས་པ་དང་།རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་ཡུལ་སྐོར་ཞབས་ཞུའི་འགན་ལེན་ལས་དོན་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས།
ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།