རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-16   རྩོམ་ཁུངས།    中国西藏网藏文版
ཉལ་ཁར་སོ་བཀྲུ་དགོས་པ་ནི་ཚང་མའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། འོན་ཀྱང་དོན་དངོས་ཐོག་དེ་ནི་སོ་བཀྲུ་བའི་དུས་ཚོད་ཡག་ཤོས་མིན། འོ་ན་ག་དུས་སོ་བཀྲུས་ན་ཡག་ཤོས་ཡིན་ནམ། ཇི་ལྟར་བྱས་ཏེ་ཡང་དག་པའི་ངང་སོ་བཀྲུ་དགོས་སམ། ང་ཚོས་གཤམ་གསལ་འདི་དག་ལ་གཟིགས་རོགས་གནང་།
01 ཚན་རིག་དང་མཐུན་ཤོས་ཀྱི་སོ་བཀྲུ་བའི་དུས་ཚོད་ག་དུས་ཡིན་ནམ། ལྟོ་བཟས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ཡིན།
མི་མང་པོ་ཞིག་ཉལ་ཁར་སོ་བཀྲུ་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་གོམས་གཤིས་དེ་གཉིད་ཁུག་ཁག་པོ་ཡོད་པའི་མི་ཚོགས་ཚོའི་ངོས་ནས་བརྗོད་ན་ཡག་པོ་མེད། སོ་འཁྲུ་སྟངས་དང་སོ་སྨན་ནང་གི་གུར་མིག་གི་གྲུབ་ཆ་ཁ་ཤས་ཀྱིས་ཀླད་པར་ངར་སྐྱེད་ཀྱི་ནུས་པ་ཐོན་ཏེ་གཉིད་ཁུག་གྲབས་ཀྱི་སྣང་བ་རྦད་དེ་མེད་པར་འགྱུར་སྲིད། དེར་བརྟེན་ཚང་མས་དགོང་ཟས་བཟས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀ་ནས་ཆུ་ཚོད་གཅིག་བར་སོ་བཀྲུས་ན་མཚན་མོའི་ཚོར་སྣང་ཞིག་བསྐྲུན་ཐུབ་ནས་ལུས་སེམས་བདེ་ལ་འཁོད་ཐུབ། དེས་ན་མ་ཉལ་གོང་ལ་ལྟོ་ཆས་མི་བཟའ་བ་དང་འཐུང་བྱ་མི་འཐུང་རྒྱུར་དོ་སྣང་བྱེད་དགོས།
02 ནོར་འཁྲུལ་གྱི་སོ་བཀྲུ་སྟངས་འདི་དག་ཁྱེད་ཀྱིས་སྒྲུབ་མྱོང་ངམ།
འཕྲེད་ལ་སོ་བཀྲུ་སྟངས། ཡུན་རིང་འཕྲེད་ལ་སོ་བཀྲུ་བ་དང་། སོ་འཁྲུ་སྐབས་ཤུགས་ཆེ་དྲགས་པའམ་ཡང་ན་ཕག་སེ་སྲ་དྲགས་པའི་སོ་བསྐྲུ་སྤྱད་ན་སོ་སྐེ་བརྡར་ནས་ཟད་འགྲོ་སྲིད།
སོ་རྩི་ནི་མིའི་ལུས་ཕུང་གི་ཕུང་གྲུབ་སྲ་ཤོས་ཤིག་ཡིན་མོད། འོན་ཀྱང་དེ་སོ་སྐེའི་མཚམས་སུ་ཁྱབ་ཚུལ་སྲབ་ཤོས་ཡིན་པས། ཉིན་ལྟར་ཉམས་ཞན་ཁུལ་ལ་ཕར་རྒོལ་དྲག་པོ་བྱས་ཚེ་ཡུན་རིང་སོང་རྗེས་གནད་དོན་ཐོན་སྲིད།
སོ་བཀྲུ་བའི་དུས་ཚོད་ཐུང་དྲགས་པ། ཞོགས་པའི་དུས་ཚོད་ཛ་དྲག་ཆེ་བ་དང་དགོང་མོ་མ་ཉལ་གོང་སྒྱིད་ལུག་ཆེ་དྲགས་པའི་དབང་གིས་མི་ལ་ལས་སོ་བཀྲུ་ཐེངས་རེར་སྐར་ཆ་བཅུ་ཕྲག་ཁ་ཤས་ལས་བཀྲུ་ཡི་མེད། དོན་དངོས་ཐོག་སོ་སྐར་མ་གསུམ་ཡན་བཀྲུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
སོ་ཁོ་ན་བཀྲུ་བ་ལས་ལྕེ་མི་བཀྲུ་བ། ལྕེའི་ངོས་སུ་མཐོ་དམའ་མི་སྙོམས་པའི་ནུ་ཏོག་ཆུང་ཆུང་མང་པོ་ཞིག་ཡོད་པས། དེ་དག་ཕྲ་སྲིན་གབ་གནས་སུ་འགྱུར་སླ་པོ་ཡོད། གལ་ཏེ་དུས་བཀག་ལྟར་གཙང་འཁྲུས་བྱ་རྒྱུར་དོ་སྣང་མ་བྱས་ཚེ་ལྕེ་དྲེག་སྟེང་གི་ཕྲ་སྲིན་དག་ལྕེ་རྩེའི་སྲུབས་ནང་དལ་གྱིས་འཚོ་བ་དང་འབྲེལ། རིམ་བཞིན་སོ་དང་། སོ་རྙིལ། མིད་པ་བཅས་ལ་གནོད་ནས་ཁ་དྲི་ངན་པ་བྲོ་སྲིད་ལ། ཚབས་ཆེ་ན་ཁ་སྦུག་དང་དབུགས་ལམ་སོགས་ཀྱི་ནད་རིགས་ཀྱང་ཐོན་སྲིད།
སོ་བཀྲུ་ཡུན་རིང་མི་བརྗེ་བ། སོ་བཀྲུ་ཡུན་རིང་སྤྱད་ཚེ་འཕྲོ་བརླག་ཐེབས་ནས། བཙོག་པར་གྱུར་སྲིད་ལ། ཕྲ་སྲིན་མང་པོ་སྐྱེས་ཏེ་སོ་ཇི་ཙམ་བཀྲུ་བ་དེ་ཙམ་གྱིས་བཙོག་པར་འགྱུར་བ་མ་ཟད། ད་དུང་སོ་དང་སོ་རྙིལ་ལའང་གནོད་པ་ཐེབས་སྲིད། སྤྱིར་བཏང་གི་གནས་ཚུལ་འོག་ཟླ་བ་གསུམ་ནང་སོ་བཀྲུ་ཐེངས་གཅིག་རེར་བརྗེས་ན་ལེགས།
03 སོ་ཇི་ལྟར་བཀྲུས་ན་གཙང་ཤོས་ཡིན་ནམ།
སོ་ཡག་པོ་བཀྲུ་རྒྱུ་ནི་སོ་བདེ་ཐང་རྒྱུན་འཁྱོངས་བྱེད་པའི་གོམ་པ་དང་པོ་དེ་ཡིན། ཡང་དག་པའི་སོ་བཀྲུ་སྟངས་ནི་འཕྲེད་ལ་འདར་འགུལ་རྣམ་པའི་བཀྲུ་སྟངས་དེ་ཡིན།
མདུན་སོའི་ཕྱི་ངོས་བཀྲུ་སྟངས། སོ་དང་སོ་རྙིལ་དང་སྤུ་ཤད་དབར་ཏུའུ45གྲུབ་པར་བྱས་ཏེ་སྐོར་བ་ཆུང་ཆུང་རྒྱག་པའི་རྣམ་པའི་ཐོག་ནས་བཀྲུ་དགོས།
མདུན་སོའི་ནང་ངོས་བཀྲུ་སྟངས། གོང་དང་འདྲ་བར་ཏུའུ45གྲུབ་པར་བྱས་ཏེ་སོ་བཀྲུ་གསེག་ནས་ཡ་སོའི་ངོས་སུ་བཏད་ནས་བཀྲུ་བ་དང་མ་སོ་བཀྲུ་སྐབས་སོ་བཀྲུ་གསེག་ནས་མ་སོའི་ངོས་སུ་བཏད་ནས་དལ་གྱིས་བཀྲུ་དགོས།
སོ་རྩེའི་ངོས་བཀྲུ་སྟངས། སོ་ཕག་གསེག་ལ་བཞག་ནས་སོ་རྩེའི་ངོས་དང་དྲང་འཕྱང་དུ་འགྱུར་བར་བྱས་རྗེས་བར་ཐག་ཐུང་ངུས་འདར་ཏེ་ཡང་ཡང་བཀྲུ་དགོས།
སོའི་ནང་ངོས་བཀྲུ་སྟངས། སོ་བཀྲུ་གཞུང་ལ་བཞག་ནས་སོ་བཀྲུའི་མདུན་སྣེ་སྤྱད་དེ་སོ་སྲུབས་ཀྱི་གོང་འོག་སྐོར་བ་ཆུང་ཆུང་རྒྱག་གིན་བཀྲུ་དགོས།
ཐེངས་རེར་སོ་གཉིས་ནས་གསུམ་འཁྲུ་དགོས་པ་དང་། སྐོར་བ་ཡང་ཡང་རྒྱག་གིན་འཕུར་མཉེད་ཐེངས8-10བཏང་སྟེ་སོའི་ནང་ངོས་དང་ཕྱི་ངོས་ཀྱི་སོ་རྩེ་ཚང་མ་བཀྲུ་དགོས། ཉིན་ལྟར་སོ་ཐེངས2-3བཀྲུ་དགོས། དགོང་ཟས་བཟས་རྗེས་དེ་བས་ཀྱང་བཀྲུ་དགོས།
ཁ་སྦུག་བདེ་ཐང་ཡིན་པའི་མི་ཚོགས་ཀྱིས་སྤུ་ཤད་ཀྱི་མགོ་ཅུང་ཆུང་བ་དང་སྤུ་མཉེན་མཁྲེགས་འོས་འཚམ་གྱི་སོ་བཀྲུ་འདེམས་དགོས། སོ་འཁོར་མཉན་ཚད་ཕོག་པའི་ནད་པ་དང་རྒན་རྒོན་ཚོས་སྤུ་མཉེན་པའི་སོ་བཀྲུ་ཉོས་ཆོག ལྕེ་དྲེག་གཙང་སེལ་བྱེད་སྐབས་ཆེད་མངགས་ཀྱི་ལྕེ་འཁྲུ་ཆས་སྤྱོད་ཆོག་ལ། སྤུ་མཉེན་པའི་སོ་བཀྲུ་ཡིས་ཀྱང་གཙང་བཀྲུ་བྱེད་ཆོག
དེ་རིང་ནས་བཟུང་ལྟོ་ཆས་བཟས་རྗེས་སོ་བཀྲུ་རྒྱུ་མི་བརྗེད་པ་གནང་རོགས།