རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9པའི་བདེ་ཆེན་གྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་། ཐོན་ལས་རྟེན་གཞིའི་མི་རིགས་ཁག་གི་མང་ཚོགས་ཀྱིས་གྲུབ་འབྲས་ལོངས་སུ་སྤྱོད་པ། རིག་གནས་ཐང་ཆེན་དུ་པི་ཝང་གི་སྒྲ་དབྱངས་དང་དགའ་སྤྲོའི་དགོད་སྒྲ་མཉམ་དུ་འདྲེས་པ། ཁྱད་ལྡན་དམངས་ཁྱིམ་མགྲོན་ཁང་དུ་ཡུལ་སྐོར་བས་སྣ་མང་གི་ཉམས་འགྱུར་ཉམས་སུ་མྱོང་བཞིན་ཡོད།
མི་རིགས་26མཉམ་དུ་འཚོ་བ་སྐྱེལ་བཞིན་པའི་རག་སྡིས་ཀྱིས་བོད་རིགས་ཀྱི་བཟོ་བཀོད་དང་། ལི་སུའུ་རིགས་ཀྱི་ཁང་རྙིང་། འཇང་རིགས་ཀྱི་རྫ་གཡམ་ཐོག་ཅན་གྱི་ཁང་པ་བཅས་ཕན་ཚུན་བཀྲག་མདངས་འཚེར་བ་དང་། སྤྱི་སྐད་དང་། མི་རིགས་ཀྱི་གླུ་གཞས། ཁྱད་ལྡན་དམངས་སྲོལ་བཅས་རང་བཞིན་དུ་མཉམ་འདྲེས་བྱེད་བཞིན་ཡོད་པས། གང་སར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། མི་རིགས་མང་པོ་མཉམ་གནས་དང་ཐུན་མོང་དར་རྒྱས་ཡོང་བའི་འཆམ་མཐུན་གྱི་རྣམ་པས་ཁེངས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ནས། “ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད་དེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་དེའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་གསོན་ཉམས་དོད་པའི་ངང་གསལ་བཤད་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ལས་དོན་གསར་གཏོད་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བདེ་ཆེན་གྱི་མི་རིགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།
རིག་གནས་ཀྱིས་བསམ་པའི་ཁྱིམ་གཞིས་ཀྱི“རྩ་བ་དང་བླ་སྲོག”མཉམ་དུ་བསྐྲུན།
ད་ལོའི་ཟླ་3པར་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་དང་དེ་བཞིན་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་100 ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་། ཁུལ་སློབ་གསོ་ལུས་རྩལ་ཅུས། ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན། གུང་གཞོན་སྡེ་ཚོགས་ཁུལ་ཨུ་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་བདེ་ཆེན་ཁུལ་གྱིས་2025ལོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྤུས་ལེགས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཐུན་མོང་ཐོག་གྲ་སྒྲིག་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གསོ་སྦྱོང་བརྟན་པོ་བྱས་ཏེ་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་བྱེད་པ་དང་། ཐུན་མོང་ཐོག་སློབ་ཁྲིད་གྲ་སྒྲིག་བྱེད་པ། སློབ་ཁྲིད་འགྲན་བསྡུར། སློབ་ཁྲིད་འགྲེམས་སྟོན། ལྟ་སྦྱོང་སློབ་སྦྱོང་། འགྲན་བསྡུར་རྗེས་ཀྱི་དཔྱད་བརྗོད་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་དེ་དཔེ་ཁྲིད་མི་སྐྱོང་དང་སློབ་གཉེར་བཅོས་སྒྲིག་གི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།
དེ་དང་དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྐབས་དང་པོའི“སེ་འབྲུ་དམར་པོ”ཞེས་པའི་བུམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཏམ་བཤད་འགྲན་བསྡུར་སྟེང་དུ། རང་ཁུལ་གྱི་ན་གཞོན་ལོ་ཆུང་རྣམས་ཀྱིས 《ཀྲུང་ཧྭ་བླ་སྲོག་གི་ལང་ཚོ་བརྟན་པོ་བཙུགས་ནས་མ་འོངས་པར་ཕྱོགས་པ》《ལོ་རྒྱུས་ཀྱི་རྗེས་རྟགས་འབྱུང་ཁུངས་རྗེས་འདེད་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་ལེའུ་ཐུན་མོང་དུ་བསྐྲུན་པ།》སོགས་གསོན་ཉམས་ལྡན་པའི་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེར་གྲུབ་འབྲས་ཡག་པོ་ཐོབ་ཡོད།
སློབ་གསོའི་གསོ་སྐྱོང་རྨང་གཞི་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བདེ་ཆེན་ཁུལ་གྱིས་བྱེད་ཐབས་ཏན་ཏིག་རབ་དང་རིམ་པ་སྤྱད་དེ་ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་གཅིག་སྒྲིལ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་ཡོད།
“སྐྱེ་སྟོབས་ཀྱི་དཔལ་འབར་བའི་”ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་གྲྭར་སྐུལ་འདེད་ནུས་ལྡན་བཏང་སྟེ། 2025ལོར་མ་དངུལ་སྒོར་ཁྲི་270བརྩོན་ལེན་བཅས་བྱེད་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་མི་རིགས་ཀྱི་རིག་གནས་རྩེར་སོན་རྣམ་གྲངས་10ལག་བསྟར་བྱེད་བཞིན་ཡོད་པ། 2026ལོའི་མི་རིགས་ཀྱི་རིག་གནས་རྣམ་གྲངས་14འདུན་ཞུ་ལེགས་གྲུབ་བྱུང་བ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་ལས་སྟེགས་ཧུར་ཐག་བསྐྲུན་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ད་ལོ་ཞིང་ཆེན་རིམ་པར་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི་30བརྩོན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་བརྒྱུད་སྤེལ་རེས་ཀྱི་འགོག་རྐྱེན་ནུས་ལྡན་ངང་སེལ་བ་དང་། བརྩེ་དུང་སྦྲེལ་མཐུད་དང་རིག་གནས་ཀྱི་ཁས་ལེན་ཐོབ་ཤུགས་ཆེ་རུ་བཏང་བ་རེད།
དྲིལ་བསྒྲགས་སློབ་གསོ་རིམ་པ་མང་ལ་ཁྱབ་རྒྱ་ཆེ་བ་རེད། “གཙང་གསུམ་ལྟེ་བའི་སེ་འབྲུ་དམར་པོ་སྨིན”ཞེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྒྲོག་འགྲེལ་ཚོགས་པས་མུ་མཐུད་ཤུགས་སྣོན་བརྒྱབ་ནས“རྒྱུན་རྣམ་ཅན+གཅིག་སྡུད་སྒྲོག་འགྲེལ”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ད་ལོ་སྒྲོག་འགྲེལ་ཐེངས་30ལྷག་ཙམ་བྱས་པ་དང་མི་ཐེངས་4924ལ་ཁྱབ་ཡོད། དྲ་ཐོག་དང་དྲ་ཕྱིའི་མཉམ་འགུལ་གྱི་ཡུན་ནན་ཞིང་ཆེན་གྱིས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་བཅུའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། དུས་ཐོག་ཏུ་གསར་སྒྱུར་བྱས་པ་དང་འབྲེལ་དུས་བཀག་ལྟར་སྒོ་ཕྱེ་བའི་བདེ་ཆེན་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་བཙུགས་ཏེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་མིག་མངས་ལས་སྟེགས་ཤིག་ཐུན་མོང་ཐོག་གྲུབ་པ་དང་ཚངས་ཕྱེད་ལ་ཤུགས་རྐྱེན་ཐེབས་པ་དང་དྲིལ་བསྒྲགས་བྱེད་ནུས་ཆེ་རུ་ཟམ་མི་ཆད་པར་བཏང་སྟེ་བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
ཐུན་མོང་ཕྱུག་འགྱུར་གྱིས“བདེ་སྐྱིད་ལམ་བུ”གཏོད་པ།
འབའ་ལུང་རྫོང་ཡུན་ཁྲུན་ཤང་དུ་ཀྲུང་ལུགས་སྨན་རྒྱུ་མུའུ་16000ལྷག་ཙམ་རྒྱུ་ཆ་ལས་སྣོན་ནས་ཕྱིར་ཚོང་བྱེད་པའི་ཐོན་ལས་ཀྱི་བཀག་སྡོམ་འབབ་འཕར་མ་ལག་མངོན་འགྱུར་བྱུང་ནས་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་4000ལྷག་ཙམ་ཟིན་པ་དང་། སན་ཅ་གྲོང་ཚོའི་སྲེའུ་འདེབས་འཛུགས་རྟེན་གཞི་དང་ཆིང་ཧྥུ་གྲོང་ཚོའི་འཐུ་བསྡུའི་གླིང་དུ་ཐོན་སྐྱེད་དང་། སྤྲོ་གསེང་། ལྟ་སྐོར། སྔོག་འཐུ་བཅས་གཞི་གཅིག་ཏུ་བསྡུས་པའི་ཞིང་པའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་རིས་འགྲེམས་སྟོན་བྱས་ཡོད། མི་རིགས་ཁག་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་པ་དང་། མི་རིགས་ཁག་གི་མང་ཚོགས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་གསེབ་སྐྲུན་པ། མི་རིགས་མང་བའི་རིག་གནས་ནུས་ལྡན་མཉམ་འདྲེས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་པ་བཅས་བྱས་པ་བརྒྱུད། མི་རིགས་ཁག་དར་རྒྱས་གོང་འཕེལ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཟུང་འབྲེལ་དམ་ཚགས་བྱས་ཤིང་། ཡུང་ཁྲུན་ཤང་ཏང་ཨུས་ཤང་ཡོངས་ཀྱི་ལི་སུའུ་རིགས་དང་། རྒྱ་རིགས། འཇང་རིགས། ཕུའུ་སྨི་རིགས། དབྱིས་རིགས་སོགས་མི་རིགས་10ལྷག་ཙམ་གྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་ཞིག་བཏོད་ཡོད།
འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་སྤྱིའི་ལྡེ་མིག་ཡིན། བདེ་ཆེན་ཁུལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གོ་སྐབས་དམ་འཛིན་བྱས་ཏེ། 《བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་》བཟོས་ཤིང་།“བདེ་སྐྱིད་ལྡན་པའི་མེ་ཏོག་བཞད་”ཅེས་པའི་འདུ་འགོད་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་“བཅུ་བརྒྱ་སྟོང་ཁྲིའི”དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་1དང་། དཔེ་སྟོན་ཤང(གྲོང་རྡལ)3 དཔེ་སྟོན་གྲོང་ཚོ(སྡེ་ཁུལ)13བཅས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། མི་རིགས་གྲོང་ཚོའི་ཡུལ་སྐོར་གྱི་རིམ་སྤོར་འདུ་འགོད་རྒྱུན་མཐུད་ངང་ལག་བསྟར་བྱས་པས། མི་རིགས་གྲོང་ཚོ་9ཡི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་ལེགས་སུ་ཕྱིན་ཡོད།
《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ལག་བསྟར་ཞིབ་སྲོལ་》བཟོ་བཅོས་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། “4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དང་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ། ཟླ་6པའི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ་སློབ་སྦྱོང་ཟླ་བ་སོཊ་ཀྱི་བྱེད་སྒོ་ལས་ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས་མི་རིགས་ཆོས་ལུགས་ལས་དོན་བཅོས་སྒྲིག་ལ་འགན་ལེན་བྱས་ཡོད།
སྤེལ་རེས་དང་མཉམ་འདྲེས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“སེམས་ཤུགས་གཅིག་སྒྲིལ”གྱི་ལས་དོན་ཡག་པོ་བསྒྲུབས་པ།
ད་ལོའི་དབྱར་ཁའི་གུང་གསེང་རིང་། བདེ་ཆེན་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་ནས་ཡོང་བའི་དགེ་སློབ་30“སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་ལ་ཁ་ཕྱོགས་”ཞེས་པའི་ཞིབ་སྦྱོང་ནང་ཞུགས་པ་དང་། ཁོང་ཚོ་གནམ་བདེ་སྒོ་མོའི་ཐང་ཆེན་དང་། མའོ་ཀྲུའུ་ཞིའི་དྲན་གསོ་ཁང་སོགས་སུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་དང་དེ་བཞིན་རྒྱལ་གཅེས་རིང་ལུཊ་ཀྱི་སློབ་གསོ་བརྟན་པོ་རྒྱག་རྒྱུ་ལྟེ་བར་བྱས་ཏེ་ལོ་རྒྱུས་དང་། རིག་གནས། འཕེལ་རྒྱས་བཅས་གཞི་གཅིག་ཏུ་འདུས་པའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཕྱོཊ་གཅིག་ཏུ་བསྡུས་ནས་དགེ་སློབ་ཚོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་ཚོར་བྱེད་པའི་ཁྲོད་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ་དང་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་རྩ་འཚོལ་བའི་ཁྲོད་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤིག་བཏོད་ཡོད། 2022ལོར“མི་རིཊ་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི”ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། བདེ་ཆེན་ཁུལ་གྱིས་རྣམ་པ་སྣ་ཚོཊ་དང་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པའི་ཞིབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ། རིམ་རྩིས་བྱས་ན་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ས་ཁོངས་སྒྲོལ་བའི་སྤེལ་རེས་བྱེད་སྒོ་མི་ཐེངས་5000ལྷག་སྤེལ་ཡོད།
རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མཉམ་བཞུགས་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད་བཅས་ཀྱི་ཆ་རྐྱེན་སྐྲུན་པ། ཡུལ་སྐོར་གྱིས་སྤེལ་རེས་གསུམ་ལ་སྐུལ་འདེད་གཏོང་བའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། 2025ལོ་འཁོར་གྱི་བདེ་ཆེན་ཁུལ་ཡུལ་སྐོར་གྱིས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དྲུག་གི་ལས་ཀའི་གསལ་ཐོ་བཟོས་བ་དང་། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་སྐོར་གྱིས་“སྤེལ་རེས་གསུམ”ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཉམས་མྱོང་སྔོག་འདོན་བྱས་པ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་རྒྱས་བ་དང་། ཡུལ་སྐོར་མཚམས་སྦྲེལ་དུ་བྱས་པ། ཡུལ་སྐོར་ལ་བརྟེན་ནས་མཉམ་འདྲེས་བྱས་པ། ཡུལ་སྐོར་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ནང་དོན་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། ཡུལ་སྐོར་ལས་རིགས་ཀྱིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཐད་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རྒྱན་འཛུགས་རྣམ་པའི་འཕེལ་རྒྱས་འཆར་གཞི་དོན་འཁྱོལ་བྱེད་དེ། བཅུ་བརྒྱ་སྟོང་ཁྲིའི་ལས་གཞིར་བརྟེན་ནས། སྒོར་ཁྲི་60བཏང་སྟེ་ཕན་ཚུན་རྒྱན་འཛུགས་རྣམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁུལ་2འཛུགས་སྐྲུན་བྱེད་པ་དང་། ཧུར་ཐག་གིས་《ཡུན་ནན་ཞིང་ཆེན་“འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་ཚང་གཅིག་”རྒྱན་འཛུགས་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལས་ཀའི་ཕྱོགས་སྟོན་ལམ་ལུགས་》ཁྱབ་གདལ་བཏང་སྟེ་བོད་ཀྱི་ལོ་གསར་དང་“ཟླ་གཉིས་པའི་ཚེས་བརྒྱད་”སོགས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་དང་སྐུ་མགྲོན་མཉམ་དུ་གླུ་ཞིག་ལེན་པ་དང་མཉམ་དུ་བྲོ་ཞིག་འཁྲབ་ཏུ་བཅུག
མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་པར་ཤུགས་སྣོན་དང་། འབའ་ལུང་རྫོང་གིས་ཁག་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ལས་དོན་བདེ་བླག་ངང་ཞིང་ཆེན་རིམ་པའི་ཐོག་མའི་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་བྱུང་། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཟེངས་བསྟོད་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་སྟེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་30དང་། དཔེ་བཟང་མི་སྒེར་50ལ་གཟེངས་བསྟོད་བྱས་ཏེ། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྩིས་ཡོད།
སྟོན་དུས་ཀྱི་རྩྭ་ཐང་བཀྲག་མདངས་འཚེར་ཞིང་། ས་མཐོར་གཡུར་ཟའི་གྲུབ་འབྲས་ཐོབ་བཞིན་ཡོད་པ་དང་། བདེ་ཆེན་ཁུལ་གྱི་མི་རིགས་ཁག་སེ་འབྲུའི་འབྲུ་གུ་དང་འདྲ་བར་དམ་པོར་འབྲེལ་ཡོད། ཁོང་ཚོས་མུ་མཐུད་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་མཉམ་གནས་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་མི་སེམས་འགུལ་བའི་ལེའུ་ཞིག་མཉམ་དུ་རྩོམ་རྒྱུ་རེད།