རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-15   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།
ཀྲུང་གོའི་གཉིད་ལོག་པའི་ཞིབ་འཇུག་ཚོགས་པ་སོགས་སྡེ་ཁག་གིས་སྤྱི་བསྒྲགས་བྱས་པའི ༢༠༢༢ ལོའི་ཀྲུང་གོའི་རྒྱལ་དམངས་བདེ་ཐང་གཉིད་ལོག་པའི་དེབ་ཐེར་རྒྱབ་ཤ་དཀར་པོར་གཞིགས་ན། བཅར་འདྲི་དང་ལེན་བྱེད་མཁན་ནང་གསུམ་ཆ་གཉིས་ལ་གཉིད་མི་ལོག་པའི་གནད་དོན་ཡོད། དེའི་ནང་གཉིད་ཡག་པོ་མི་ལོག་པ་ནི་གནད་དོན་གཙོ་བོ་རེད།
ཞིབ་འཇུག་ལས་དུས་ཡུན་རིང་པོར་གཉིད་ལོག་པའི་དུས་ཚོད་ཆུ་ཚོད་བདུན་མ་འདང་ན། ང་ཚོའི་རྒྱུན་ལྡན་འཚོ་བར་གནོད་པ་ཡོད་པ་མ་ཟད། ལུས་སེམས་བདེ་ཐང་ལའང་གནོད་པ་ཚབས་ཆེན་བཟོ་སྲིད།
གཉིད་མ་འདང་ན་ལུས་པོར་འགྱུར་ལྡོག་འདི་རིགས་བཟོ་སྲིད།
༡ མགོ་གཟེར་རྒྱུ་ཇེ་མང་རེད།
མགོ་གཟེར་མཁན་ཡིན་ན། མགོ་གཟེར་དུས་རྣམ་རིག་མི་གསལ། གཉིད་མ་ལོག་ན་མགོ་གཟེར་རྒྱུ་ཇེ་མང་གཏོང་སྲིད།
༢ སྙིང་རྩ་དང་ཀླད་རྩའི་ནད་གཞི་ན་བའི་ཉེན་ཁ་ཇེ་ཆེ་རེད།
གཉིད་མ་འདང་ན་རྒྱུན་ལྡན་གྱི་ཁྲག་གཤེར་རྙོག་བཅུག་ནས། སྙིང་ཁ་ཟུམ་པའི་ཁྲག་ཤེད་དང་སྙིང་ཁ་འབྱེད་པའི་ཁྲག་ཤེད་མཚན་མོར་ཇེ་དམའ་ལ་འགྲོ་བ་དང་། སྒལ་རྒྱུད་ཆུ་རྩ་མ་ལག་རྒྱུན་ཆད་མེད་པར་ནུས་སློང་གི་གནས་བབ་ལ་གནས་བཅུག་པས། ཁྲག་ཤེད་མཐོ་བའི་ནད་གཞི་སློང་སྲིད། གནས་ཚུལ་འདིས་ཁྲག་ཤེད་མཐོ་བ་དང་། སྙིང་ནད་ན་བའི་ཉེན་ཁ་བརྒྱ་ཆའི་སུམ་ཅུ་ཇེ་མཐོར་གཏོང་སྲིད།
༣ སེམས་ཁམས་བདེ་ཐང་ལ་གནོད་པ་ཡོད།
ལུས་པོའི་བདེ་ཐང་ལ་གནོད་པ་ཡོད་པ་མ་ཟད། གཉིད་མ་འདང་ན་སེམས་ཁམས་བདེ་ཐང་ལའང་གནོད་པ་བཟོ་སྲིད། དེས་ཡི་མུག་པ་དང་སེམས་འཚབ་པ་སོགས་སློང་བའི་ཉེན་ཡོད་རྒྱུ་རྐྱེན་གཅིག་ལ་བརྩི་བཞིན་ཡོད།
༤ ཀླད་པ་ཉམས་རྒྱུ་ཇེ་མགྱོགས་རེད།
ཞིབ་འཇུག་གཞན་ཞིག་ལས། རྟག་ཏུ་གཉིད་ཁུག་རྒྱུ་དཀའ་ན་ལོ་བཅུ་བཞིའི་རྗེས་སུ། དྲན་པ་ཞན་པ་དང་ལག་བསྟར་ནུས་པ་ཉམས་པ། སྐད་ཆ་བཤད་ནུས་ཉམས་པ། མིག་དབང་དང་ཐག་གཅོད་མྱུར་ཚད་དལ་བ་བཅས་དང་འབྲེལ་བ་ཡོད། དེའང་མི་ལོ ༢.༢ ནས་ལོ ༣.༤ སྔོན་དུ་རྒས་པ་མཚོན།
༥ ཚེ་ཇེ་ཐུང་གཏོང་།
དུས་ཡུན་རིང་པོར་གཉིད་ཀྱིས་མ་འདང་ན་ཤི་ཤོར་བའི་ཉེན་ཁ་ཇེ་ཆེ་དང་། ཚེ་ཇེ་ཐུང་གཏོང་སྲིད། ཞིབ་འཇུག་ལས། སྙིང་རྩའི་ནད་མེད་ཅིང་གཉིད་ཡག་པོ་མི་ལོག་པའི་བུད་མེད་དང་སྐྱེས་པའི་ཚེ་ཐག་སོ་སོ་ལོ ༡.༨ ནས ༢་༣༡ ཇེ་ཐུང་རེད། དེའི་ནང་། གནོད་པ་ཆེ་ཤོས་ནི་གཉིད་ཉལ་བ་དང་འབྲེལ་བའི་དབུགས་ལམ་འགལ་རྐྱེན་རེད། དེས་སྙིང་རྩའི་ནད་མེད་སྐྱེས་པ་ཚེ་ཐག་ལོ ༦.༧ ༣་དང་བུད་མེད་ཚེ་ཐག་ལོ ༧.༣༢ ཇེ་ཐུང་གཏོང་སྲིད།
ཇི་ལྟར་གཉིད་ཡག་པོ་ལོག་པར་བྱ།
01
གཉིད་ལོག་པར་ཕན་ཐོགས་པའི་ཁོར་ཡུག་སྐྲུན་པ། ཉལ་ཁྲིའི་ཐོག་ཏུ་ཁ་པར་མི་རྩེ་བ་དང་། ལྷིང་འཇགས་དང་འོད་མེད་པའི་ཁོར་ཡུག་ཅིག་དགོས།
02
རྒྱུན་ལྡན་གྱི་གོམས་གཤིས་ལེགས་སྒྲིག་བྱེད། དགོང་མོར་ཆུ་མང་པོ་མི་འཐུང་བ་དང་། ཁོ་ཧྥེ་དང་ཆང་མི་འཐུང་བ།
03
ལུགས་མཐུན་གྱི་བཟའ་བཏུང་། ཞིབ་འཇུག་ལས་འཚོ་རྩི་ང་པས་ལོ་ཉི་ཤུ་ནས་ལྔ་བཅུའི་བར་གྱི་མི་ཚོགས་ཀྱི་གཉིད་ལོག་པའི་སྤུས་ཀ་ཇེ་ཡག་གཏོང་ཐུབ།
མདོར་ན། གཉིད་ཡག་པོ་ལོག་པ་དེ་ང་ཚོར་མཚོན་ན་ཧ་ཅང་གལ་ཆེན་ཡིན། གལ་ཏེ་དུས་ཡུན་རིང་པོར་གཉིད་ལོག་པའི་གནད་དོན་ཡོད་ན། གོང་གི་བྱེད་ཐབས་དེ་དག་ཚོད་ལྟ་བྱ་ཆོག