ལུའོ་ཁྲའོ་ཧྥེང་གིས་གཏེར་མ་རོང་སློབ་ཆུང་དུ་ཞིང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片

        ཟླ་6པའི་ཚེས་3ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གཏེར་མ་རོང་སློབ་ཆུང་དུ་བསྐྱོད་དེ་ཞིང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་བྱས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ། རིམ་ཁག་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཨུའི་སྐོར་ཞིབ་དག་ཐེར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཐོག་ནས་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ། དུས་ཚོད་དང་ལྷུ་ཚིགས་གཞིར་བཟུང་མངོན་མེད་རྐྱེན་ངན་དག་ཐེར་ལས་དོན་ལ་སྐུལ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་བརྟག་ཞིབ་ཏུ་ཞུགས།

微信图片_20250604221524.png

        གཏེར་མ་རོང་སློབ་ཆུང་གི་ལུས་རྩལ་ཐང་དུ། ལུའོ་ཁྲའོ་ཧྥེང་གིས་ལུས་རྩལ་ཐང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བྱུང་བའི་རྒྱུ་རྐྱེན་དང་མིག་སྔར་གྱི་ཉེན་ཁའི་གནས་ཚུལ་ཞིབ་ཏུ་དྲིས་བ་དང་། ཉམས་གསོའི་ཇུས་གཞི་སྙན་ཞུ་ལ་ཉན་ནས་མིག་སྔར་གནས་པའི་དཀའ་གནད་ལ་རྒྱུས་ལོན་བྱས།

        ལུའོ་ཁྲའོ་ཧྥེང་གིས་སློབ་གྲྭའི་བདེ་འཇགས་དེ་ཁྱིམ་ཚང་ཁྲི་སྟོང་གི་བདེ་སྐྱིད་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཇུས་འགོད་ཚན་པ་དང་ཨར་ལས་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་ཇུས་གཞི་བཟོ་བ་དང་། རང་འགུལ་ངང་མདུན་གྲལ་དུ་ཞབས་འདེགས་ཞུ་བ། ཧུར་ཐག་གིས་ཨར་ལས་ཀྱི་དཀའ་གནད་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། བདེ་འཇགས་དང་ནུས་ཆེའི་ངང་ཉམས་གསོའི་ལས་གྲྭར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་པའི་དུས་མཚུངས་སུ་ཨར་ལས་རྒྱག་རིང་སློབ་གྲྭའི་བདེ་འཇགས་དོ་དམ་དང་དགེ་སློབ་ཀྱི་བདེ་འཇགས་དྲན་སྐུལ་ཡག་པོ་བྱས་ཏེ་ཞིང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་ཏན་ཏིག་བྱེད་དགོས། གཅིག་ཤེས་ཀུན་གྲོལ་གྱི་ཐོག་ནས་སློབ་གྲྭའི་ཨར་ལས་སྒྲིག་བཀོད་དང་། མེ་གསོད་བགྲོད་ལམ། གློག་སྤྱོད་སྒྲིག་ཆས། ཟས་རིགས་ཉེན་མེད་སོགས་འགག་རྩའི་ལྷུ་ཚིགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། སློབ་གྲྭའི་བདེ་འཇགས་ཀྱི་ཉེན་ཁ་སེལ་བ་དང་། སློབ་མར་བདེ་འཇགས་དང་སེམས་ཁྲལ་མེད་པའི་འཚར་ལོངས་ཀྱི་ཁོར་ཡུག་བསྐྲུན་དགོས། སློབ་གྲྭའི་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱུན་གཏན་གྱི་སྐོར་ཞིབ་ཞིབ་བཤེར་དང་། ལྟ་ཞིབ་ཚད་ལེན། སྔོན་ཚུད་ཉེན་བརྡ། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་གྲྭའི་བདེ་འཇགས་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་།                                              

        ཁུལ་འགོ་ཁྲིད་ཁྲིན་ཆོན་དང་ཧོང་ལུང་ཤིན། ཞུང་ཝུན་པིན། པའོ་ཡུས་ཏུང་བཅས་བརྟག་ཞིབ་ཏུ་ཞུགས།