བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ལེའུ་གསར་བ་རྩོམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ5པའི་ཚེས2ཉིན་གྱི་དགོང་མོར།ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཁུལ་དང་གྲོང་ཨུའི་ཧྲུའུ་ཅིའི་ཆེད་དོན་བཅར་འདྲིའི་ལེ་ཚན་དུ་《བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ལེའུ་གསར་བ་རྩོམ་པ》ཞེས་པ་སྟོན་རྒྱུ་རེད། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཆེད་དོན་བཅར་འདྲི་དང་ལེན་གནང་ཡོད་པས། སྐུ་ཉིད་ཀྱིས་སྐབས་དེར་དུས་ལྟར་གཟིགས་རོགས་གནང་།

    བདེ་ཆེན་ཁུལ་གྱིས་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། མ་མཐའི་མཚམས་ཐིག་སྲུང་བ།འདེགས་སྐྱོར་བརྟན་པོ།སྒུལ་ཤུགས་ཆེར་གཏོང་།སྐས་རིམ་དུ་འཛེགས་པ་བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། བརྟན་ལྷིང་དང་འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཏན་ཏིག་བྱས་ནས། 2024ལོར། ཁུལ་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་307.01ལེགས་འགྲུབ་བྱུང་བ་རེད།ད་ལོར།བདེ་ཆེན་ཁུལ་གྱིས་རྒྱུན་མཐུད་ངང་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ལ་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ནས།ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ལེའུ་གསར་བ་རྩོམ་རྒྱུ་རེད།