དེ་རིང་དཔེ་དེབ་རྩེ་གྲ་ཞིག་ངོ་སྤྲོད་ཞུ་གི་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

རྩོམ་པ་པོ། དཔའ་རིས་སངས་རྒྱས།

པར་གཞི་རྙིང་མ།

པར་གཞི་གསར་པ།

        ནང་དོན་གཙོ་བོ། 
        དེབ་འདིར་གཙོ་བོ་བོད་ཡིག་གི་བྱུང་རབས་དང་། སྐད་ཆ་དང་ཡི་གེའི་ཕན་ཡོན། མིང་གི་རིགས་རྒྱུད་ཀྱི་བྱུང་འཕེལ། མིང་གི་གདགས་གཞི་དང་ཁྱད་ཆོས། མིང་གི་ངོ་བོ་འགྱུར་ལུགས། མིང་གི་སྡེབ་སྦྱོར། ཞེ་ས་དང་། མངོན་བརྗོད། ཉམས་མཚོན་པའི་སྒྲ་དང་། དཔེ་ཆོས་སོགས་ཀྱི་བྱུང་ཚུལ་དང་འཇུག་ཚུལ། ཡིག་ནོར་འབྱུང་རྐྱེན་སེལ་ཐབས། མིང་དོན་འགྲེལ་ཚུལ་སོགས་ལ་རྩོམ་པ་པོས་དཔྱད་པ་ཞིབ་མོ་ཞིག་བཏང་འདུག་ལ། མིང་གི་རིགས་རྒྱུད་ཀྱི་བྱུང་འཕེལ་སོགས་ཀྱི་ཆོས་ཉིད་ལེགས་པར་བཙལ་འདུག
        འོས་སྦྱོར་གྱི་རྒྱུ་མཚན།
         དེབ་འདིར་རིགས་པའི་སྒོ་ནས་ཁེབས་རྒྱ་ཆེ་ལ་ཕྱོགས་ལྷུང་མེད་པར་བསྟན་པ་དང་། ཞིབ་ཆ་གསལ་ལ་ངེས་ཤེས་འདྲོངས་པའི་འགྲེལ་པ་བརྒྱབ་པ་དང་། སྒོས་སུ་བོད་སྐད་ཀྱི་མིང་གི་སྦྱོར་བ་ལས། མིང་གང་མང་ཞིག་རྟེན་ཅིང་འབྲེལ་བར་བྱུང་བའི་ཆོས་ཉིད་ཀྱི་གབ་པ་མངོན་པར་ཕྱུང་འདུག དེས་ན། ལོ་ཙཱ་དང་རྩོམ་རིག་སོགས་ཀྱི་ལམ་ལ་འཇུག་མཁན་ཚོར་ཤིན་ཏུ་སྨན་པས། རྩོམ་སྒྲིག་པས་འདིར་ཆེད་དུ་དེབ་འདི་འོས་སྦྱོར་ཞུས་པ་ལགས།