རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-22   རྩོམ་ཁུངས།   
ཟླ་4པའི་ཚེས་21ཉིན། ཁུལ་ཨུས་བདེ་ཆེན་ཁུལ་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་འབྲེལ་ཡོད་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་ཚོགས་ཞུགས་མི་སྣས་བསམ་འཆར་དང་གྲོས་འགོ་བཏོན་ཡོད།
ཚོགས་འདུའི་ཐོག་ད་ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་འགྲིལ་བའི་ལོ་དང་། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འཆར་འགོད་བྱེད་པའི་ལོ་ཡིན་པས། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་འགོད་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་ཁག་གིས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་འགོད་ལས་དོན་གྱི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་བྱས་ཏེ། འཆར་འགོད་བཟོ་འགོད་ལས་དོན་ལེགས་པར་བསྒྲུབས་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ། བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་གནས་གཏན་འཁེལ་ཡང་དག་པ་དང་། ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ། གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་འཆར་འགོད་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཏན་ཏིག་བྱ་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་བྱ་རྒྱུ་དེ་འཆར་འགོད་བཟོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་ཚད་མཐོའི་ཐོག་ནས་འཆར་འགོད་བཟོ་འགོད་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།ཆབ་སྲིད་ཀྱི་རང་བཞིན་མངོན་གསལ་དོད་དུ་བཏང་སྟེ། ཏང་གི་འགོ་ཁྲིད་དེ་འཆར་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་འཆར་འགོད། རང་ཁུལ་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད། ལས་རིགས་ཀྱི་ཆེད་དོན་འཆར་འགོད། རྣམ་གྲངས་གལ་ཆེན་འཆར་འགོད། དེ་བཞིན་ཁྱིམ་མཚེས་ཁུལ་དང་གྲོང་ཁྱེར་གྱི་འཆར་འགོད་སོགས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། ལས་ཀའི་རྒྱུན་མཐུད་རང་བཞིན་དང་། ཚན་རིག་རང་བཞིན། འཕེལ་རྒྱས་རང་བཞིན་བཅས་འགན་ལེན་བྱ་དགོས།བདེ་ཆེན་འཕེལ་རྒྱས་ཀྱི་རྨང་གཞི་དང་ཆ་རྐྱེན་ལེགས་སྒྲིག་ནན་ཏན་བྱས་ཏེ། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དུས་སྐབས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། དུས་བབ་གསལ་པོར་ཤེས་ཏེ། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་བ་ལེགས་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འབེབས་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཐོན་ལས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།སྤྱི་ཁོག་དང་ཕྲ་མཐོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་འཆར་འགོད་ཀྱི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས།སྒྲིག་འཛུགས་ཚན་པས་རིམ་པ་ཁག་དང་སྡེ་ཁག་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དུས་རིམ་རྗེས་མའི་འཆར་འགོད་བཟོ་འགོད་ལས་དོན་དམ་འཛིན་བྱ་དགོས་ཞེས་ནན་བཤད་གནང་ཡོད།
ཁྲེན་ཆུན་དང་ཝན་ཏན་ཆིང་སོགས་གྲོས་ཚོགས་སུ་ཞུགས་ཡོད།